གེ་སར་རྟོག་ཞིབ་པས་ཡུལ་ཤུལ། མགོ་ལོག ཀན་ལྷོ་སོགས་སུ་རྟོག་ཞིབ་གནང་།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-13



        ཟླ་བ་8པའི་ཚེས་4ཉིན་ནས་ཚེས་9ཉིན་གྱི་བར།  ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་གྱི་རྗེས་ཁུལ་འཚོལ་བའི་ཚོ་ཆུང་གཉིས་པའི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་མུའུ་ཧྲི་ཧྭ་དང་།  བོད་ལྗོངས་ཆབ་མདོའི་གེ་སར་སེམས་པྲ་པ་འཇམ་དབྱངས་རིན་ཆེན།  ཡུན་ནན་བདེ་ཆེན་གྱི་མཁས་དབང་བཀྲ་ཤིས་དོན་གྲུབ།  དཀར་མཛེས་ཁུལ་གྱི་གེ་སར་མཁས་དབང་ཀརྨ་རྒྱལ་མཚན།  འགྱུར་མེད་ཆོས་དབྱིངས།  ཀརྨ་བསོད་ནམས་སོགས་དང་ཁམས་པའི་བརྙན་འཕྲིན་ཁང་དང་།  གངས་ལྗོངས་ཉི་གཞོན།  དཀར་མཛེས་ཚགས་པར་ཁང་གི་གསར་འགོད་པ་སོགས་ལས་གྲུབ་པའི་གེ་སར་རྟོག་ཞིབ་ཚོགས་པས་ཡུལ་ཤུལ་གྱི་རྫ་སྟོད་རྫོང་གི་སྟག་གཟིག་རྒྱལ་པོ་འདུལ་ས་དང་།  སེང་ཨ་བསེའི་མཁར་ཤུལ།  འབྲི་སྟོད་རྫོང་གི་སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་ཕོ་བྲང་སྟག་རྩེ།  སྒ་ཡི་དུང་མཚོ་དཀར་མོ།  འབྲི་སྟོད་གྱི་སྒྲུང་པའི་ཁྱིམ་གཞིས།  ཆུ་དམར་ལེབ་རྫོང་གི་སྒ་སྟོད་ཇོ་བོའི་སྒྱོགས་ཆེན་གདོང་ར།  མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཨ་མྱེ་རྨ་རྒྱལ་སྤམ་ར།  གེ་སར་དངོས་མང་གཤམས་སྟོན་ཁང་།  རིག་གནས་ཁང་།  དཔེ་མཛོད་ཁང་།  བོད་སྨན་ཁང་།  དགུ་གཏོར་དགོན་པའི་གེ་སར་རྣམ་ཐར་ཚོགས་པ།  ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་རྨ་སྨད་གཡུ་ལུང་སུམ་མདོའི་ཆགས་གནས་སོགས་སུ་རྟོག་ཞིབ་གནང་།  དེ་དང་ཆབས་གཅིག་ས་གནས་དེ་དག་གི་སྒྲུང་མཁན་དང་།  དམངས་ཁྲོད་ཀྱི་གེ་སར་མཁས་དབང་དག་ལ་བཅར་འདྲི་ཞུས། །



རྫ་སྟོད་རྫོང་གི་སྟག་གཟིག་རྒྱལ་པོ་འདུལ་ས།

སེང་ཨ་བསེའི་མཁར་ཤུལ།

འབྲི་སྟོད་རྫོང་གི་སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་གྱི་ཕོ་བྲང་སྟག་རྩེའི་མཁར་ཤུལ་ལ་དཔེ་བཟོས་པའི་སྒོ་ཆེན།
འབྲི་སྟོད་རྫོང་གི་བཅུ་འཛོམས་གཡང་གི་ར་བ།
སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་ཕོ་བྲང་སྟག་རྩེའི་མཁར་ཁུལ། 
འབྲུག་མོའི་བཟོས་སྐུ།
སྒ་ཡི་དུང་མཚོ་དཀར་མོ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1