དཀར་མཛེས་ཁུལ་ཁམས་པའི་རིག་གནས་མཐོ་རིམ་གླེང་སྟེགས་སྡེ་དགེ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-13


 

        ཟླ་བ་8པའི་ཚེས་12ཉིན་དཀར་མཛེས་ཁུལ་ཁམས་པའི་རིག་གནས་མཐོ་རིམ་གླེང་སྟེགས་སྡེ་དགེ་རུ་འཚོགས། 

        པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་ཀྲུའུ། ཡུན་ནན་སོགས་དང་དཀར་མཛེས་ཁུལ་ནས་ཕེབས་པའི་མཁས་དབང་སུམ་བརྒྱ་ལྷག་ཙམ་མཐོ་རིམ་གླེང་སྟེགས་ནང་ཞུགས། ཁུལདཀར་མཛེས་ཁུལ་ཨུའི་འཐབ་འགྱུར་པུའི་པུའུ་ཀྲང་སུའུ་ཏཱ་ཁྲུན་གྱིས་གླེང་སྟེགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། སྡེ་དགེ་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས་ཤིས་ཚིག་ཕུལ། ཁམས་པའི་རིག་གནས་ཁང་གི་དབུ་གཙོ་འགྱུར་མེད་ཆོས་དབྱིངས་ཀྱིས་གླེང་སྟེགས་གཙོ་སྐྱོང་གནང་། 
        གླེང་སྟེགས་འགོ་བཙུགས་རྗེས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་ཁམས་པའི་རིག་གནས་སྐོར་གྱི་གཙོ་བོའི་གསུང་བཤད་གནང་བ་དང་།  དེ་རྗེས་འབུམ་རམས་གོང་མ་བསོད་ནམས་སྟོབས་རྒྱལ་དང་། འབུམ་རམས་པ་སྒྲོམ་མ་ཚེ་རིང་དང་། རྣམ་ཆོས་ཀྱིས་ཐུབ་བསྟན་ཕུན་ཚོགས་ཀྱི་བརྗོད་གཞི་དང་འབྲེལ་བའི་གླེང་མོལ་གནང་།  དེ་དང་ཆབས་གཅིག་ཁམས་པའི་ཞིབ་མཇུག་གི་དཔེ་ཚོགས་འགྲེམས་སྤེལ་གྱི་བྱེད་སྒོ་སྤེལ། 
        ཉིན་དེའི་སྔ་དྲོར།  སྡེ་དགེ་རྫོང་གིས་སྡེ་དགེའི་པར་ཁང་གི་རིག་དངོས་རྩ་ཆེན་དང་། སྡེ་དགེའི་བྲིས་གཟུགས་འགྲེམས་སྟོན་གྱི་མཛད་སྒོ་སྤེལ། དེ་ནས་སྨན་ཤོད་ཀྱི་མི་རིགས་བཟོ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་འགོ་ཚུགས་པ་དང་། སྡེ་དགེའི་ཟས་རིགས་དུས་སྟོན་གྱི་བྱེད་སྒོ་སྤེལ་འགོ་ཚུགས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1