ཧྥི་ལི་ཕིན་གྱི་རྒྱལ་ཡོངས་སུ་མི་ཁྲི་14.6ལས་བརྒལ་བར་ཏེང་ཀེ་རེའི་ནད་དུག་འགོས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-15


      ཧྥི་ལི་ཕིན་འཕྲོད་བསྟེན་པུའུ་ཡི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་1ཚེས་1ཉིན་ནས་ཟླ་7ཚེས་20ཉིན་བར། ཧྥི་ལི་ཕིན་གྱི་རྒྱལ་ཡོངས་སུ་མི་ཁྲི་14.6ལས་བརྒལ་བར་ཏེང་ཀེ་རེའི་ནད་དུག་འགོས་པའི་གཏན་འཁེལ་བྱས་པ་དང་། གྲངས་གཞི་དེ་2018ལོའི་དུས་མཚུངས་ལས་98%འཕར་ཡོད། དེ་བས་ཚབས་ཆེ་བ་ཞིག་ནི་ད་ལོ་ཧྥི་ལི་ཕིན་གྱི་མངའ་ཁོངས་སུ་མི་622ལ་ཏེང་ཀེ་རེའི་ནད་དུག་འགོས་ནས་ཤི་བ་རེད། ཟླ་8ཚེས་6ཉིན། ཧྥི་ལི་ཕིན་འཕྲོད་བསྟེན་པུས་རྒྱལ་ཡོངས་ཀྱི་ཏེང་ཀེ་རེའི་རིམས་ནད་ཐོན་ཚུལ་ཁྱབ་བསྒྲགས་བྱས་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1