ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བསྟུད་འགོད་གླེང་སྟེགས་མི་འགྱང་བར་འགོ་རྩོམ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-15



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བླངས་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་རླབས་ཆེན་གྱི་གྲུབ་འབྲས། ཉམས་མྱོང་རྩ་ཆེན་བཅས་མི་འགྱངས་བར་སྒྲོག་སྦྱོང་བྱེད་རྒྱུ་ཡིན་ལ། རྟེན་འབྲེལ་ཞུ་བའི་སྒྲོག་སྦྱོང་བྱ་འགུལ་དེ་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ། པེ་ཅིན་གྲོང་ཁྱེར་ཏང་ཨུ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱ་རྒྱུ་ཡིན་ལ། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་མི་དམངས་དྲ་བ་དང་ཞིན་ཧྭ་གསར་འགྱུར་དྲ་བ། ཀྲུང་དབྱང་བརྙན་འཕྲིན་དྲ་བ་བཅས་ཀྱིས་འགན་སྒྲུབ་བྱ་རྒྱུ་ཡིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བསྟུད་འགོད་གླེང་སྟེགས་དངོས་སུ་སྤེལ་འགོ་རྩོམ་རྒྱུ་རེད།

        ཐེངས་དང་པོའི་གླེང་སྟེགས་ནང་དུ་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ལྔ་གདན་དྲངས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཚན་རྩལ་ཁྱབ་ཁོངས་ཀྱི་གསར་སྐྲུན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཀྱི་སྐོར་ནས་བཞུགས་མོལ་སྒྲོག་སྦྱོང་བྱེད་རྒྱུ་ཡིན་པར་མ་ཟད། རང་ཉིད་ཀྱི་འབད་འཐབ་ལོ་རྒྱུས་དང་ཟུང་འབྲེལ་བྱས་ཏེ་དྲ་གྲོགས་རྣམས་དང་མཉམ་དུ་ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་རེད། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཞིན་ཧྭ་གསར་འགྱུར་དྲ་བས་གླེང་སྟེགས་ཐེངས་དང་པོའི་ཡུལ་དངོས་གནས་ཚུལ་ཐད་གཏོང་བྱ་རྒྱུ་རེད། 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1