ལྗར་པན་གྱིས་འཕུར་ཐུབ་པའི་རླངས་འཁོར་ཞིག་བཟོས་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-16



          ལྗར་པན་གྱི་NECསྤྱི་གཉེར་ཁང་གིས་འཕུར་སྐྱོད་བྱེད་ཐུབ་པའི་རླངས་འཁོར་ཞིག་བཟོ་སྐྲུན་བྱས་ཡོད་པ་མ་ཟད། སྤྱི་ཟླ་8ཚེས་5ཉིན་རླངས་འཁོར་དེ་ཚོད་འཕུར་བྱས་པ་ལམ་ལྷོངས་བྱུང་ཡོད་པ་དང་། ཚོད་ལྟའི་ཁྲོད་རླངས་འཁོར་དེ་ས་ངོས་ལས་མཐོ་ཚད་སྨི་3ཟིན་པའི་བར་སྣང་དུ་སྐར་མ་གཅིག་ཙམ་རིང་ལྡིང་སྐོར་རྒྱག་ཐུབ་ཡོད།

          སྤྱི་གཉེར་ཁང་དེས་ངོ་སྤྲོད་བྱས་པ་ལྟར་ན། རླངས་འཁོར་དེ་བཟོ་སྐྲུན་བྱེད་པའི་དམིགས་ཡུལ་ནི་འཕུར་ཐུབ་པའི་མི་མེད་ཅ་དངོས་སྐྱེལ་འདྲེན་རླངས་འཁོར་ཞིག་བཟོ་ཆེད་ཡིན་ཞིང་། རླངས་འཁོར་དེ་བཟོ་བར་མཁའ་དབྱིངས་འཕུར་སྐྱོད་ལག་རྩལ་དང་དྲ་རྒྱའི་བདེ་སྲུང་ལག་རྩལ་སོགས་སྤྱད་ཡོད།

          ལྗར་པན་སྲིད་གཞུང་གིས་འཕུར་སྐྱོད་རླངས་འཁོར་གྱི་ཐོན་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱིན་ཡོད་ཅིང་། 2030ལོར་མི་སྡོད་ཆོག་པའི་འཕུར་སྐྱོད་རླངས་འཁོར་མངོན་འགྱུར་ཡོང་བའི་རེ་བཅངས་ཡོད།
          ཉེ་བའི་ལོ་འགའི་རིང་། འཕུར་སྐྱོད་རླངས་འཁོར་ལ་ཚན་རྩལ་སྤྱི་གཉེར་ཁང་མང་པོས་དོ་སྣང་བྱེད་བཞིན་ཡོད་ཅིང་། ཨ་རིའི་Uberསྤྱི་གཉེར་ཁང་གིས་ཀྱང་Uber Airཞེས་པའི་འཕུར་སྐྱོད་རླངས་འཁོར་ཞིག་བཟོ་སྐྲུན་བྱས་ཡོད་པ་དང་། དེ་སང་ལོར་ཚོད་འཕུར་བྱ་རྒྱུ་ཡིན་པ་མ་ཟད། 2023ལོར་དངོས་སུ་ཚོང་ལས་ཁྲོད་བེད་སྤྱོད་གཏོང་འཆར་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1