ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དུས་རབས་གསར་བའི་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་གྱི་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་དུས་རབས་གསར་བའི་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་གྱི་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།
        བསམ་འཆར་ལས་དུས་རབས་གསར་བའི་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་གྱི་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་སྐབས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀུན་སྤྱོད་ལེགས་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ཏེ་སློབ་གསོས་མི་དམངས་ལ་ཞབས་ཕྱི་བསྒྲུབ་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་བཅོས་སྐྱོང་སྲིད་འཛིན་ལ་ཞབས་ཕྱི་བསྒྲུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བར་ཞབས་ཕྱི་བསྒྲུབ་པ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་ཕྱི་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་སློབ་གསོ་བསྒྲུབ་པར་རྐང་འཛུགས་པ་དང་ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་ལག་ལེན་ཟུང་འབྲེལ་བྱས་ཏེ། སློབ་གསོ་དེང་རབས་ཅན་དུ་སྒྱུར་བ་དང་སློབ་གསོར་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། མི་དམངས་ཡིད་ཚིམས་པའི་སློབ་གསོ་བསྒྲུབ་པར་མྱུར་དུ་སྐུལ་འདེད་གཏོང་དགོས་ལ། ཧུར་ཐག་སྒོས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཁག་ཁུར་བྱེད་པའི་དུས་རབས་ཀྱི་མི་གསར་བ་སྐྱེད་སྲིང་བྱེད་པ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་གསོ་སྐྱོང་བྱེད་དགོས་པའི་རེ་བ་བཏོན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1