གེ་སར་ཆེད་མཁས་པ་ཚོས་འཇོ་མདའི་གེ་སར་གནས་རི་ལ་རྟོག་ཞིབ་གནང་།

དཀོན་མཆོག་རྡོ་རྗེས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-21



        ཟླ་བ་8པའི་ཚེས་15ཉིན།   ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་གྱི་རྗེས་ཤུལ་འཚོལ་བའི་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་དང་།  ཁམས་པའི་ཞིབ་འཇུག་ཁང་གི་དབུ་གཙོ་འགྱུར་མེད་ཆོས་དབྱིངས་དང་དབུ་གཙོ་གཞོན་པ་དབྱང་ཧྲེང་།  རྒྱལ་ཁབ་རིམ་པའི་སྒྲུང་པ་གྲགས་ཅན་ཨ་ནིང་།  གེ་སར་ཞིབ་འཇུག་པ་ཀརྨ་བསོད་ནམས་སོགས་བོད་ལྗོངས་འཇོ་མདའི་གེ་སར་པྲ་མཁན་འཇམ་དབྱངས་རིན་ཆེན་གྱི་གདན་ཞུས་ལྟར་གེ་སར་གནས་རི་བདེ་ཆེན་འོད་འབར་དུ་རྟོག་ཞིབ་ཟབ་ནན་གནང་།  
        གེ་སར་གནས་རི་བདེན་ཆེན་འོད་འབར་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་འཇོ་མདའ་རྫོང་ཐང་ཕུག་ཡུལ་ཤོག་གི་སྐྱ་བོ་གྲོང་པའི་ཁོངས་སུ་ཡོད་ཅིང་།   གནས་དེར་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་སྒ་བབ་ས་དང་།  སྲིན་པོ་མགོ་དགུ་ཅན་གྱིས་སེང་ལྕམ་འབྲུག་མོ་ལ་བར་ཆད་བྱེད་སྐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ སྲིན་པོ་དམ་ལ་བཏགས་པའི་དུས་སུ་བབས་པར་མཁྱེན་ཏེ་གེ་སར་ལ་ལུང་སྟོན་པར་་ལྟར་གླིང་གེ་སར་རྒྱལ་པོས་མདའ་དགུ་བརྒྱབ་ནས་སྲིན་པོ་བསྒྲལ་རྗེས་རི་མགོ་དགུ་དང་ཁུང་བུ་དགུ་རུ་གྱུར་པའི་བཤད་སྲོལ་ཡོད།  སེང་གེ་སྟེང་ཞེས་པའི་གེ་སར་གནས་རི་དེར་ད་དུང་གེ་སར་གྱི་ཞབས་རྗེས་ཕྱག་རྗེས་དང་།  འབྲུག་མོའི་མཚན་མ་དང་ཞབས་རྗེས། རྒྱ་ཚའི་རྡོ་དུང་དང་།  མོ་པ་ཀུན་ཤེས་ཐིག་པོ་ཡི་མཁར་ཤུལ་སོགས་མང་ཞིང་།  ད་ལྟར་གེ་སར་པྲ་མཁན་འཇམ་དབྱངས་རིན་ཆེན་གྱིས་གནས་དེ་ཉམས་གསོ་བྱས་ཏེ་གེ་སར་འདྲ་སྐུ་དང་གེ་སར་ཞལ་ཐང་སོགས་བཞེངས་ནས་དུས་རྒྱུན་གསོལ་མཆོད་བྱ་བཞིན་ཡོད།

སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྲིན་པོ་མགོ་དགུ་དམ་ལ་བཏགས་པའི་རི་དགུ།


རྒྱ་ཚའི་རྡོ་དུང་གོང་།

མོ་མ་ཀུན་ཤེས་ཐིག་པོའི་མཁར་ཤུལ།

གེ་སར་པྲ་མཁན་འཇམ་དབྱངས་རིན་ཆེན་གྱིས་བཞེངས་པའི་གེ་སར་འདྲ་སྐུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1