སི་ཁྲོན་བོད་རིགས་ས་ཁུལ་གྱིས“སྒྲ་དབྱངས་རྟེན་རྫས་བཤམས་མཛོད་ཁང”བསྐྲུན་ནས་བོད་རིགས་རིག་གནས་ཀྱི་དྲན་ཤེད་ཉར་ཚགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-23



འདི་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་སྡེ་སྐྱིད་གྲོང་ཚོ་དང་པོར་གནས་པའི“ཧི་མ་ལ་ཡའི་སྒྲ་དབྱངས་རྟེན་རྫས་བཤམས་མཛོད་ཁང”གི་ནང་གི་བཀོད་པ་རེད།
        ཟླ8ཚེས19ཉིན། སི་ཁྲོན་བོད་རིགས་ས་ཁུལ་གྱི“སྒྲ་དབྱངས་རྟེན་རྫས་བཤམས་མཛོད་ཁང”ཐོག་མ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་སྡེ་སྐྱིད་གྲོང་ཚོ་དང་པོར་དངོས་སུ་སྐྲུན་མཇུག་འགྲིལ་བ་རེད། རྒྱ་ཁྱོན་སྨི་ངོས་གྲུ180ཙམ་ཟིན་པའི“ཧི་མ་ལ་ཡའི་རོལ་དབྱངས་རྟེན་རྫས་བཤམས་མཛོད་ཁང་ཆུང་ངུ”དེར་བོད་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་རོལ་ཆ་དང་། བོད་རིགས་ཀྱི་རོལ་དབྱངས་བརྙན་ལམ་གྱི་དཔྱད་གཞི། དེ་བཞིན་བོད་རིགས་ཀྱི་གནའ་བོའི་དབྱངས་རྟགས་རྩ་ཆེན་སོགས་ཉར་ཚགས་བྱས་ཡོད་པ་རེད།
        “སྒྲ་དབྱངས་རྟེན་རྫས་བཤམས་མཛོད་ཁང”དེར་ཉར་ཚགས་བྱས་པའི་རོལ་ཆ་དེ་དག་སི་ཁྲོན་ལི་ཐང་དང་བོད་ལྗོངས་ལྷ་ས་སོགས་ནས་བསྡུ་རུབ་བྱས་པ་དང་། དགོན་པའི་སྒོའི་མདུན་གྱི་གནའ་བོའི་དྲིལ་བུ་དང་སྒྲ་སྙན་སོགས་ཚུད་ཡོད། རོལ་ཆ་དེ་དག་རག་དང་སྲོག་ཆགས་ཀྱི་རུས་པ་སོགས་ལས་བཟོས་པ་དང་། བཟོ་སྤུས་དག་ལ་བརྐོས་རྩེར་སོན་བརྒྱབ་ཡོད་པས་བོད་རིགས་ཀྱི་ཡུལ་སྲོལ་གོམ་གཤིས་ཟབ་མོ་ལྡན་ཡོད།
        “སྒྲ་སྙན”ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མཛུབ་དཀྲོལ་རོལ་ཆ་ཞིག་ཡིན་པ་དང་། མིང་གཞན་ལ་ཏམ་བུ་ར་ཞེས་བརྗོད་ཀྱི་ཡོད། དེ་ནི་གཞིས་རྩེ་དང་མངའ་རིས་སོགས་ཡུལ་མིས་དགའ་ཤོས་བྱེད་པའི་རོལ་ཆ་ཞིག་ཡིན་པ་དང་། ལྷ་སར་དར་ཁྱབ་བྱུང་རྗེས། ལིང་ཤང་དང་ཡང་ཆིན་དང་མཉམ་དུ་དཀྲོལ་གཏོང་བྱས་པས་ནང་མའི་དབྱངས་རྟ་གྲུབ་ནས་བོད་རིགས་ཀྱི་འཚོ་བར་མེད་དུ་མི་རུང་བའི་སྙན་འཇེབས་ལྡན་པའི་རོལ་དབྱངས་སུ་གྱུར་ཡོད། རྟེན་རྫས་བཤམས་མཛོད་ཁང་དེར་ད་དུང་བོད་རིགས་ཀྱི་དབྱངས་རྟགས་རྩ་ཆེན་ཡོད་པ་དང་། དེ་ནི་འཁྱོག་ཐིག་གི་རྣམ་པ་སྤྱད་དེ་སྐད་མཐོ་དམའ་ཇི་མ་ཇི་བཞིན་བཀོད་པ་དང་། དེ་རྗེས་ངག་རྒྱུན་ཡིད་འཇགས་ཀྱི་བྱ་ཐབས་བརྒྱུད་རམ་འདེགས་ཐུབ་པ་ཞིག་རེད། རྟེན་རྫས་བཤམས་མཛོད་ཁང་གི་རྣམ་གྲངས་ཀྱི་འགན་ཁུར་མི་སྣ་ཏུའུ་ཏུང་གིས་ད་ཆ་གནའ་བོའི་སྲོལ་རྒྱུན་དབྱངས་རྟགས་འདི་འདྲ་སླར་ཡང་མཐོང་ཁག་པོ་རེད་ཅེས་གསར་འགོད་པར་བཤད་བྱུང་།
        ཏུའུ་ཏུང་གིས“སྒྲ་དབྱངས་རྟེན་རྫས་བཤམས་མཛོད་ཁང”གིས“སྒྲ་དབྱངས”ལ་བརྟེན་ནས་བོད་རིགས་ཀྱི་རྩ་ཆེའི་རིག་གནས་ཀྱི་དྲན་ཤེད་རྩ་ཆེན་ཉར་ཚགས་བྱས་ཡོད་ལ། “སྒྲ་དབྱངས”དེ་བརྒྱུད་ཐག་རིང་དུ་སྐྱོད་མཁན་བོད་རིགས་ཀྱིས་ཕ་ཡུལ་གྱི་འབོད་སྒྲ་ཐོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1