ལི་ཐང་རྫོང་གིས་འདམ་ར་སྲུང་སྐྱོང་རྒྱུན་འཁྱོངས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-26


    ཟླ་8ཚེས་22ཉིན། སི་ཁྲོན་ཞིང་ཆེན་ཁྲོན་ནུབ་མཐོ་གྲང་རྩྭ་ཐང་གི་ལི་ཐང་རྫོང་གི་རྩྭ་ཐང་དུ་རྫོགས་ལྡན་གྱི་དུས་ཚིགས་བསུས། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཡོལ་སྲུང་ཞིག་ཡིན་པའི་ཆ་ནས། 2016ལོར། ལི་ཐང་ཆུ་བོའི་འདམ་ར་ནི་ཞིང་ཆེན་རིམ་པའི་འདམ་ར་སྤྱི་གླིང་དུ་རེ་ཞུ་ཐུབ་ཡོད་ཅིང་། མིག་སྔར། རྒྱལ་ཁབ་རིམ་པའི་འདམ་ར་སྤྱི་གླིང་ལ་རེ་ཞུ་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། ལི་ཐང་རྫོང་གིས་འདམ་ར་དོ་དམ་སྲུང་སྐྱོང་དང་ཕྱུགས་སྐྱུར་འདམ་ར་སླར་གསོ་བྱེད་པར་ཤུགས་བརྒྱབ་ནས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་འདམ་ར་སྲུང་སྐྱོང་གི་འདུ་ཤེས་དང་འགན་འཁྲི་ཇེ་མཐོར་བཏང་བས། འདམ་རའི་སྐྱེ་ཁམས་ནུས་པ་ཕན་ནུས་ལྡན་པའི་ངང་ཇེ་མཐོར་བཏང་ཞིང་། རྩྭ་ཐང་གི་འདམ་ར་སྔར་བས་ཇེ་མཛེས་གྱུར་ཡོད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1