དེང་གི་རྟ་དམག་བའི་བདེ་སྐྱིད་ཀྱི་འཚོ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-27


    རྟ་དམག་བ་ནི་ཆིང་རྒྱལ་རབས་སྐབས་ཀྱི་མཐའ་མཚམས་ས་ཁུལ་དུ་ལུས་པའི་གོར་ཁའི་རྟ་དམག་དང་ཀྲུང་བལ་མཐའ་མཚམས་སྡོད་དམངས་ཀྱི་རྗེས་རབས་པ་དག་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་100ལྷག་གི་ལོ་རྒྱུས་ལྡན། རྒྱལ་ཁོངས་མེད་པས། རྟ་དམག་བ་ཚོས་ས་ཞིང་དང་ཁང་པ་མེད་པའི་ཡུལ་གྱར་བའི་འཚོ་བ་རོལ་བཞིན་ཡོད། 2003ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་རྗེས། རྟ་དམག་བ་དངོས་སུ་ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་བཅུག་སྟེ། ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་སྤྱི་དམངས་ཀྱི་ཐོབ་ཐང་ལོངས་སུ་སྤྱད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་འགོ་བརྩམས་ཡོད། མིག་སྔར། བོད་ལྗོངས་མངའ་ཁོངས་སུ་སྡོད་ཡོད་པའི་རྟ་དམག་བ་དུད་ཚང་58དང་མི་195ཡོད་ལ། གཙོ་བོ་ཡུལ་སྐོར་དང་ནགས་ཁྲོད་དཔལ་འབྱོར། ངལ་ལས་སོགས་བྱེད་བཞིན་ཡོད་ལ། མཐའ་མཚམས་སྡོད་དམངས་ཀྱི་ཁ་གསབ་ལེན་བཞིན་ཡོད་པས། ལོ་རེའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་12000ཟིན། 







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1