གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༩ཉིན།

མཚོ་སྔོན་རེབ་གོང་སྒྱུ་རྩལ་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་བཤམ་སྟོན་འདུ་ཚོགས་སྐབས་ཉེར་དྲུག་པའི་ཐོག་ནས་བཤམས་པ་རེད།

པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་བཤམ་སྟོན་འདུ་ཚོགས་དེ་པེ་ཅིང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་ཁང་གསར་བ་ནས་འཚོགས་པ་རེད།
པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་བཤམ་སྟོན་འདུ་ཚོགས་ལས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྒྱུ་རྩལ་གྱི་འགྲེམ་ཁུལ་རེད།
              ཟླ་8པའི་ཚེས་21ནས་25ཉིན་བར་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་བཤམ་སྟོན་འདུ་ཚོགས་སྐབས་ཉེར་དྲུག་པ་དང་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་སྐབས་བཅུ་བདུན་པ་གཉིས་ཧྲུན་དབྱི་རུ་ཡོད་པའི་ཀྲུང་གོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་ཁང་གསར་པ་ནས་འཚོགས་འགོ་ཚུགས་པ་རེད། སྣ་མང་ཕུན་སུམ་ཚོགས་པའི་དཔེ་དེབ་འགྲེམ་སྟེགས་དང་རིག་གནས་གསར་གཏོད་འགྲེམ་ཁུལ་དག་ལས། མི་རིགས་ཀྱི་ཡུལ་སྲོལ་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ མངོན་མིན་རིག་གནས་ཤུལ་བཞག་སྒྱུ་རྩལ་གྱི་འགྲེམ་ཁུལ་དམར་སྨུག་སེར་གསུམ་སོགས་ཀྱིས་བཀྲག་མདངས་བཀྲ་བའི་ཁ་དོག་དེ་དག་ལ་དོ་སྣང་བླ་ལྷག་ཏུ་བྱེད་ཀྱིན་ཡོད།
རི་མོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ མངོན་མིན་རིག་གནས་ཤུལ་བཞག་སྒྱུ་རྩལ་འགྲེམ་ཁུལ་དུ་འགྲེམ་སྟོན་བྱས་པའི་རེབ་གོང་ཐང་ག་ཡིན།
              མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་དར་བའི་རེབ་གོང་སྒྱུ་རྩལ་ནི་ཐང་ག་དང་འཇིམ་བཟོ། འཚེམ་དྲུབ།  བརྐོས་བྲིས་སོགས་ཀྱིས་གཙོ་བོར་མཚོན་ཞིང་། དེ་ནི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་“མངོན་མིན་རིག་གནས་ཤུལ་བཞག་”གི་མིང་གཞུང་ནང་དུ་བཅུག་ཡོད་པ་རེད།
              རེབ་གོང་སྒྱུ་རྩལ་རྒྱུན་འཛིན་པའམ་ལྷ་རིས་པ་སྐལ་བཟང་རྒྱ་མཚོ་ནི་ཐེངས་འདིའི་ མངོན་མིན་རིག་གནས་ཤུལ་བཞག་རིག་གནས་ཀྱི་འགྲེམ་སྟོན་ལ་རྩ་འཛུགས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ད་རེས་ཀྱི་འདུ་ཚོགས་ནང་ཞུགས་པ་རེད། ཟླ་8པའི་ཚེས་25ཉིན། ཁོང་གིས་གསར་འགོད་པར་ཐེངས་འདིའི་འགྲེམ་སྟོན་ནང་གི་བརྩམས་ཆོས་གཙོ་བོ་ནི་རེབ་གོང་ཐང་ག་སྒྱུ་རྩལ་དང་རྩེ་ཁོག་རྫོང་ཧོར་གྱི་རྡོ་བརྐོས་སྒྱུ་རྩལ་སོགས་ཡོད། འགྲེམས་ཚོགས་ཀྱི་ཡུལ་དངོས་སུ་ལྟད་མོ་བ་མང་པོ་ཞིག་གི་ཡིད་དབང་རབ་ཏུ་བཀུགས་ཤིང་། དེའི་ཁྲོད་དུ་ཤེས་ལྡན་མི་སྣ་གྲགས་ཅན་དང་ཕྱི་རྒྱལ་གྱི་གྲོགས་པོའང་མང་པོ་ཞིག་ཡོད་པ་རེད་ཟེར།
རི་མོ་ནི་འགྲེམ་སྟོན་བྱས་པའི་རྩེ་ཁོག་རྫོང་ཧོར་གྱི་རྡོ་བརྐོས་སྒྱུ་རྩལ་ཡིན།
རི་མོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ་དང་མཁས་པ་ཞོལ་མོ་(གཡོན་)དང་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་པ་སྐལ་བཟང་རྒྱ་མཚོ་(གཡས་)གཉིས་ཀྱིས་འགྲེམ་ཁུལ་དུ་བསམ་བློ་བརྗེ་རེས་བྱེད་བཞིན་པ་ཡིན།
རི་མོ་ནི་ལྟད་མོ་བས་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་བཤམ་སྟོན་འདུ་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་སྒྱུ་རྩལ་འགྲེམ་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ་ཡིན།
རི་མོ་ནི་རེབ་གོང་སྒྱུ་རྩལ་གྱི་རྒྱུན་འཛིན་པ་སྐལ་བཟང་རྒྱ་མཚོ་ཡིས་ཕྱི་གླིང་ཡུལ་སྐོར་བར་རེབ་གོང་རིག་གནས་ངོ་སྤྲོད་བྱེད་བཞིན་པ་ཡིན། 
              རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་རང་ས་རང་ཡུལ་ནས་འཚར་ལོངས་བྱུང་བའི་སྐལ་བཟང་རྒྱ་མཚོ་ཡི་བརྩེ་བ་འབུམ་ཕྲག་འཐིམས་ཡོད་ལ། ཁོང་གི་རེ་སྨོན་ཁྲི་ཕྲག་ཀྱང་སེམས་སུ་བཅུག་ཡོད། ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ལས་རེབ་གོང་སྒྱུ་རྩལ་གྱི་མཚོན་བྱེད་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། ཁོང་གིས་གདེང་ཚོད་ཆེན་པོས་“མི་ཚེ་གང་བོར་རང་གི་བློ་གྲོས་དང་སེམས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས། མི་རིགས་ཀྱི་རིག་གནས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སློབ་ཕྲུག་མང་པོ་སྐྱོང་ཞོར་རང་གི་ནུས་རྩལ་ཇེ་མཐོར་བསྐྱེད་ནས། རེབ་གོང་སྒྱུ་རྩལ་དེ་དམངས་ཚོགས་དང་དེང་རབས་སུ་འདྲེས་ཤིང་། རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་བཤད།
རི་མོ་ནི་རེབ་གོང་སྒྱུ་རྩལ་གྱི་རྒྱུན་འཛིན་པ་སྐལ་བཟང་རྒྱ་མཚོས་ཕྱི་གླིང་གི་ཡུལ་སྐོར་བར་རེབ་གོང་རིག་གནས་ངོ་སྤྲོད་བྱེད་བཞིན་པ་ཡིན།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1