གེ་སར་མཁར་གྲོང་འོས་སྦྱོར་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-29



        སྤྱི་ཟླ་8པའི་ཚེས་28ཉིན་གྱི་ཕྱི་དྲོར། གེ་སར་མཁར་གྲོང་འོས་སྦྱོར་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་དང་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ། ཀྲུང་གུང་དཀར་མཛེས་རྫོང་ཨུ། དཀར་མཛེས་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་དང་། དཀར་མཛེས་རྫོང་གེ་སར་མཁར་གྲོང་གི་སྒོ་འབྱེད་མཛད་སྒོ་དང་འབྲུག་མོའི་སྟོན་སྡུད་དུས་ཆེན་སྐབས་གཉིས་པའི་བྱེད་སྒོའི་གྲ་སྒྲིག་ཚོ་ཆུང་ཨུ་ཡོན་ལྷན་ཁང་གིས་འགན་གཉེར་བྱས།
ཚོགས་རའི་ཡུལ་དངོས།

དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་དབྱི་ཞིན་གྱིས་ཤིས་ཚིག་འབུལ་བཞིན་པ།

ཁྲེན་ཏུའུ་གྲོང་ཁྱེར་ལུང་ཆོན་དབྱི་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཕེང་པུའུ་ཡིའུ་ཡིས་ཤིས་ཚིག་འབུལ་བཞིན་པ།

དཀར་མཛེས་ཁུལ་དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ལེགས་མིང་ཨ་སྒྲོན་གྱིས་གེ་སར་མཁར་གྲོང་འོས་སྦྱོར་བྱེད་བཞིན་པ།

སི་ཁྲོན་དར་མདོ་གནམ་ཐང་ཚོགས་པའི་ཚོང་རའི་སྤྱི་ཁྱབ་ལྟ་སྐུལ་པ་ཁྲེན་ལི་ནན་གྱིས་གེ་སར་གནམ་ཐང་འོས་སྦྱོར་བྱེད་བཞིན་པ།

ཧྭ་ཆའོ་ཁྲེང་ནུབ་བརྒྱུད་ཚོགས་པའི་ཚོང་རྟགས་སྤྱི་ཁྱབ་ལྟ་སྐུལ་པ་ཅང་ཡིང་གིས་ཤིས་ཚིག་འབུལ་བཞིན་པ།

ཚོགས་འདུའི་མདོ་འཛིན་པ།
        ཚོགས་ཐོག་ཏུ་དགའ་སྟོན་རྟེན་འབྲེལ་གྱི་གླུ་གར་འཁྲབ་སྟོན་བྱས་པར་མ་ཟད།  གེ་སར་མཁར་གྲོང་གི་དྲིལ་བསྒྲགས་བརྙན་ཐུང་བཏང་ཞིང་།  ད་དུང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་དབྱི་ཞིན་གྱིས་ཤིས་ཚིག་ཕུལ་བ་དང་།  ཁྲེན་ཏུའུ་གྲོང་ཁྱེར་ལུང་ཆོན་དབྱི་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཕེང་པུའུ་ཡིའུ་ཡིས་ཤིས་ཚིག་ཕུལ།  གཞན་ཡང་དཀར་མཛེས་ཁུལ་དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ལེགས་མིང་ཨ་སྒྲོན་གྱིས་གེ་སར་མཁར་གྲོང་འོས་སྦྱོར་བྱས་པ་དང་།  སི་ཁྲོན་དར་མདོ་གནམ་ཐང་ཚོགས་པའི་ཚོང་རའི་སྤྱི་ཁྱབ་ལྟ་སྐུལ་པ་ཁྲེན་ལི་ནན་གྱིས་གེ་སར་གནམ་ཐང་འོས་སྦྱོར་བྱས་པར་མ་ཟད།  ཧྭ་ཆའོ་ཁྲེང་ནུབ་བརྒྱུད་ཚོགས་པའི་ཚོང་རྟགས་སྤྱི་ཁྱབ་ལྟ་སྐུལ་པ་ཅང་ཡིང་གིས་ཤིས་ཚིག་ཕུལ་བ་རེད།  གཞན་ཡང་དཀར་མཛེས་གེ་སར་མཁར་གྲོང་དང་སྤྱི་གཉེར་ཁང་དུ་མའི་བར་ཚོང་འབྲེལ་གྱི་གན་རྒྱ་བཞག་པ་རེད།


        ཤེས་རྟོགས་བྱུང་བ་ལྟར་ན།  བརྗིད་ཆགས་ལྡན་པའི་གེ་སར་མཁར་གྲོང་དེ་ད་ལོའི་སྤྱི་ཟླ་9པའི་ཚེས་16ཉིན་དངོས་སུ་སྒོ་འབྱེད་རྒྱུ་ཡིན་ལ། གེ་སར་གནམ་ཐང་ཤར་གཏོང་བྱེད་པ་དང་བསྟུན་ནས། རྒྱ་ཆེའི་ཡུལ་སྐོར་བ་ལ་དཀར་མཛེས་རྫོང་གིས་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་དབུལ་རྒྱུ་རེད།  དེ་དང་དུས་མཚུངས་སུ་མཁའ་ལམ་དེ་ཤར་གཏོང་བྱས་རྗེས་དཀར་མཛེས་རྫོང་གི་གེ་སར་མཁར་གྲོང་གི་ཡུལ་སྐོར་ནུས་པ་དེ་མངོན་གསལ་དོད་པོ་མཐོང་རྒྱུ་ཡིན་པར་མ་ཟད།  དཀར་མཛེས་རྫོང་ལ་མཚོན་ན་ཁམས་བྱང་ས་ཁུལ་གྱི་འགྲིམ་འགྲུལ་དང་ཚོང་དོན།  ཡུལ་སྐོར་སོགས་ཀྱི་ལྟེ་གནས་སུ་ཆགས་ཡོད་པ་དང་།  རི་ཆུའི་མཛེས་ལྗོངས་ལྟ་བས་མི་ངོམས་པས་དཀར་མཛེས་རྫོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་།  མཐའ་འཁོར་གྱི་ས་ཆ་དག་གི་ཡུལ་སྐོར་ལས་རིགས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་ངེས།

        དཀར་མཛེས་ཁུལ་དཀར་མཛེས་རྫོང་ནི་གེ་སར་རྒྱལ་པོ་དང་གེ་སར་རིག་གནས་འཕེལ་རྒྱས་ཆེ་བའི་ལྟེ་བ་ཡིན་ལ།  རྫོང་གི་མངའ་ཁོངས་སུ་གེ་སར་གྱི་རིག་གནས་གནའ་ཤུལ་120ལྷག་ཡོད་ཅིང་།  གེ་སར་རིག་གནས་ཀྱིས་རྨང་གཞི་དང་ལས་རིགས་དབུལ་སྐྱོར་གྱིས་ལྟེ་བ་བྱས་དེ་བསྐྲུན་པའི་རྔམ་བརྗིད་ཅན་གྱི་གེ་སར་མཁར་གྲོང་ཞིག་སླར་ཡང་སྐྱེས་འགྲོ་དག་གི་མིག་མདུན་དུ་བཤམས།  རྒྱུས་ལོན་བྱས་པ་ལྟར་ན། གེ་སར་མཁར་གྲོང་ནི་2017ལོའི་ཟླ་6པར་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་།  རྒྱ་ཁྱོན་མུའུ་1455ཡིས་འཆར་གཞི་བཟོས་ནས་མ་དངུལ་སྒོར་དུང་ཕྱུར་6.5བཏང་སྟེ།  དཀར་མཛེས་རྫོང་གི་ཆེས་ཆེ་བའི་དབུལ་སྐྱོར་ལས་གཞི་དང་རིག་གནས་ཡུལ་སྐོར་ལས་གཞི་གསར་པ་ཞིག་ཏུ་ཆགས།  དཀར་མཛེས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་བཞིན་པའི་ལུང་ཆོན་དབྱི་ཁུལ་གྱིས་མ་དངུལ་སྒོར་ཁྲི་9400ཡི་ནོར་སྲིད་རོགས་སྐྱོར་བྱས་ཤིང་།  དབུལ་ཕོངས་གྲོང་ཚོ་128ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་།  ཐུན་མོང་དཔལ་འབྱོར་གོང་འཕེལ་ལ་རོགས་རམ་དང་དབུལ་ཕོངས་སྡེ་པས་རང་བདག་གིས་ཐག་གཅོད་བྱེད་པ་དང་མཉམ་སྡེབ་ཚོང་ལས་ཀྱིས་རྣམ་པའི་སྒོ་ནས་ལས་གཞི་འདིར་ཞུགས་རྒྱུ་བྱས།  མཁར་གྲོང་འདི་ལ་མཚོན་ན་གེ་སར་རིག་གནས་སྲོག་ཤིང་བྱས་ཏེ།  ལས་རིགས་ཀྱིས་མཁར་གྲོང་དར་བ་དང་།  མཁར་གྲོང་གིས་ལས་རིགས་སྐུལ་བ།  རིག་གནས་ཀྱིས་མཁར་གྲོང་ལ་སྲོག་ཞུགས་པའི་རྣམ་པ་ལྟར།  བཟའ་འདུག་སྤྱོད་གསུམ་དང་ཡུལ་སྐོར།  ཉོ་སྒྲུབ་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་ལས་རིགས་ཤིག་བཙུགས་ནས།  དབུལ་ཕོངས་གྲོང་ཚོ་128ཀྱི་ལས་རིགས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ནས་དབུལ་ཕོངས་ཁྱིམ་ཚང་3000ལྷག་ཕྱུག་འགྱུར་འབྱོར་འབྲིང་གི་ལམ་ལ་ཆས་པར་རམ་འདེགས་བྱས་ཡོད།




        གེ་སར་མཁར་གྲོང་དེ་དཀར་མཛེས་རྫོང་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་ལ།  སྔོན་ཆད་གནས་དེ་ན་ཧོར་གླིང་གཡུལ་འགྱེད་ཀྱི་གནའ་ཤུལ་ཡོད།  མཁར་རྫོང་ནས་དཀར་མཛེས་ཁུལ་གྱི་དམངས་སྤྱོད་གནམ་ཐང་གསུམ་གྱི་ཡ་གྱལ་གེ་སར་གནམ་ཐང་བར་ལ་སྤྱི་ལེ་45འདུག །གེ་སར་མཁར་གྲོང་ནི་མི་རིགས་རིག་གནས་རྒྱུན་འཛིན་དང་མི་རིགས་ཀྱི་སྙིང་སྟོབས་གཞི་གཅིག་ཏུ་ཆགས་པའི་རྒྱུན་ཐག་ལྟ་བུ་ཞིག་ཡིན་པར་མ་ཟད།  མི་རིགས་སོ་སོ་འབྲེལ་འདྲིས་དང་སྤེལ་རེས། དེ་མིན་རྒྱ་བོད་རིག་གནས་མཉམ་གནས་མཉམ་འཕེལ་གྱི་ལོ་རྒྱུས་རྡོ་རིང་ཞིག་ཡིན་ཞིང་།  འདི་ལ་བརྟེན་ནས་མི་རིགས་སོ་སོ་ཐུན་མོང་འཕེལ་རྒྱས་དང་ཕན་ཚུན་བརྩི་འཇོག །མཐུན་སྒྲིལ་མཛའ་བཤེས་བཅས་ཇེ་བཟང་ཇེ་ལེགས་སུ་བཏང་ཡོད་ལ།  འདི་ནི་ཁམས་བོད་ས་ཁུལ་དུ་བཞད་པའི་གེ་སར་གྱི་མེ་ཏོག་རྐང་གཅིག་ཡིན་ཞེས་བརྗོད་ཀྱང་ཆོག་གོ །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1