གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༢ཉིན།

རྒྱལ་ཡོངས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཁྲོད་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕུལ་བྱུང་འཛུགས་སྐྲུན་པར་གཟེངས་བསྟོད་གནང་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས།


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཡོངས་སྐབས་ལྔ་བའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཁྲོད་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕུལ་བྱུང་འཛུགས་སྐྲུན་པར་གཟེངས་བསྟོད་གནང་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
        རྒྱལ་ཡོངས་སྐབས་ལྔ་བའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཁྲོད་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕུལ་བྱུང་འཛུགས་སྐྲུན་པར་གཟེངས་བསྟོད་གནང་བའི་གྲོས་ཚོགས་ཚེས་ཉེར་དགུ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ཕུལ་བྱུང་འཛུགས་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱིར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་ཟེར།
        ཝང་དབྱང་གིས་གཟེངས་བསྟོད་ཐོབ་མཁན་ཚོས་རྒྱལ་གཅེས་ལས་བརྩོན་གྱི་དཔེ་མཚོན་བྱེད་པར་འབད་འཐབ་བྱེད་པ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ནས། ཁེ་ལས་འཕེལ་རྒྱས་དང་རྒྱལ་ཁབ་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱེད་པ་དང་། མི་སྒེར་གྱི་ཕུགས་བསམ་དང་ཀྲུང་གོའི་ཕུགས་འདུན་གཉིས་ཟུང་འབྲེལ་བྱེད་དགོས་པ་དང་། ཁྲིམས་སྲུང་ཚོང་གཉེར་གྱི་དཔེ་མཚོན་བྱེད་པ་དང་། རང་རྟོགས་སྒོས་བཅའ་ཁྲིམས་སློབ་སྦྱོང་བྱེད་པ་དང་བཅའ་ཁྲིམས་ཁོང་དུ་ཆུད་པར་བྱེད་པ། བཅའ་ཁྲིམས་དམ་སྲུང་བྱེད་པ། འགོ་ཁྲིད་དེ་ཚོང་རའི་སྒྲིག་ལམ་དང་ལས་རིགས་ཀྱི་ཚད་གཞི་བརྩི་སྲུང་བྱས་ཏེ། རིག་གསར་བའི་སྲིད་ཚོང་འབྲེལ་བ་ལག་བསྟར་བྱེད་དགོས། ཧུར་ཐག་གིས་ལས་སྐྲུན་གསར་གཏོད་ཀྱི་དཔེ་མཚོན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པ། ལས་རིགས་གཙོ་བོར་དོ་སྣང་བྱེད་པ་དང་། ཁེ་ལས་དམ་སྲུང་བྱེད་པ། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་བྱས་ནས། ཀྲུང་གོའི་བཟོ་སྐྲུན་དེ་ཀྲུང་གོའི་གསར་སྐྲུན་དུ་བསྒྱུར་བ་དང་། ཀྲུང་གོའི་མགྱོགས་ཚད་དེ་ཀྲུང་གོའི་སྤུས་ཚད་དུ་བསྒྱུར་བ། ཀྲུང་གོའོ་ཐོན་རྫས་ཀྲུང་གོའི་ཚོང་རྟགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཧུར་ཐག་གིས་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་ཐད་ཀྱི་དཔེ་མཚོན་བྱེད་པ་དང་། ཡིད་རྟོན་བྱེད་ཆོག་པ་དང་ཁ་དན་ཚིག་ལ་གནས་པ། འབྱོར་ཕྱུག་ལྡན་ཞིང་ཀུན་སྤྱོད་ལྡན་པ་དང་། འབྱོར་ཕྱུག་ལྡན་ཞིང་བྱངས་སེམས་ཡོད་པ། འབྱོར་ཕྱུག་ལྡན་ཞིང་འགན་འཁྲི་ལྡན་པའི་སྣང་བརྙན་བཟང་བོ་བསྐྲུན་དགོས་པའི་སྐུལ་མ་བཏང་།
        ཝང་དབྱང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་ཀྱི་འདོད་བློར་བསམ་གཞིགས་གཏོང་བ་དང་། ཁེ་ལས་ཀྱིས་སེམས་ཁྲལ་བྱེད་ས་སེམས་ཁུར་བྱེད་པ། འབད་འཐབ་ལྷོད་མེད་དང་ཞབས་འདེགས་བཟང་བོ་ཞུ་བ། སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། ཁེ་ལས་ཀྱིས་ཁེ་ཕན་རེག་ཐུབ་པར་བྱེད་དགོས་ཟེར།
        ལིག་ཧི་དང་ཧའོ་མེན་ཅིན། ཀའོ་ཡུན་ལུང་བཅས་གཟེངས་བསྟོད་གྲོས་ཚོགས་ལ་ཞུགས་པ་དང་། ཡོའུ་ཆོན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།
        སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་དང་སྤྱི་ཚོགས་རིམ་པ་གསར་བའི་མི་སྣ་བརྒྱ་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕུལ་བྱུང་འཛུགས་སྐྲུན་པའི་མཚན་སྙན་ཐོབ། ཕུལ་བྱུང་འཛུགས་སྐྲུན་པའི་འཐུས་ཚབ་མི་སྣས་ཚོགས་ཐོག་ཏུ་གཏམ་བཤད་པ་མ་ཟད། ཕུལ་བྱུང་འཛུགས་སྐྲུན་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། དུས་རབས་གསར་བའི་དཔེ་མཚོན་བཞི་བྱེད་པའི་གྲོས་འདོན་ཡི་གེ་སྒྲོག་འདོན་བྱས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1