རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་ཐོན་ལེགས་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-03


        སྤྱི་ཟླ8པའི་ཚེ18ཉིན། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་དར་མདོ་གྲོང་ཁྱེར་བྲག་འགོ་རིའི་དེང་རབས་ཞིང་ལས་ཐོན་ལས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ལྡུམ་རའི་ནང་མུའུ60ལྷག་ལྡན་པའི་འདྲེ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་གྱི་སྐྱེ་ཚུལ་ཧ་ཅང་བཟང་བ་རེད། ཤིང་སྡོང་གི་ཡལ་རྩེར་བཏགས་པའི་ལྗང་ཁུ་དང་སྨུག་པོ། དམར་པོ་སོགས་ཀྱི་སེ་པན་གྲོང་མི་ཚོས་ཚ་ཟེར་ཆེ་བའི་ཉིད་འོད་ཀྱི་ཁྲོད་དུ་བྲེལ་བ་ཆེན་པོའི་ངང་ནས་འཐོག་བཞིན་ཡོད་པར་མ་ཟད། སླེལ་པོའི་ནང་བཅུག་ནས་ཐུམ་སྒྲིལ་བཟོས་རྗེས་ཁྲེང་ཏུའུ་དང་གཡག་རྔ་སོགས་ས་ཁུལ་གྱི་ཚོང་ཁྲོམ་ལ་སྐུར་བཞིན་པའི་སྒང་རེད།
        ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་ལུག་གྲོད་ཤ་མོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་དང་གཏོང་བཞིན་ཡོད་པ་རེད། ཕན་ནུས་ལྡན་པའི་སྒོས་ལུག་གྲོད་ཤ་མོ་བཏོགས་རྗེས་ཀྱི་བེད་མེད་དུ་བསྐྱུར་བའི་ས་ཞིང་བེད་སྤྱོབ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐུབ་པའི་ཆེད་དུ། ཚན་རྩལ་ཞིབ་འཇུག་ཁང་དང་དཀར་མཛེས་ཁུལ་སན་ཞང་ཞིང་འབྲོག་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཐུན་མོང་དུ་འབད་བརྩོན་བྱས་འོག བདེ་བླགས་ངང་འདྲེ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་རིགས་གསར་པ་འདེབས་གསོ་བྱས་པ་རེད། ད་ལོའི་སྤྱི་ཟླ་བ4པར་སྤྱི་གཉེར་ཁང་གིས་དར་མདོ་གྲོང་ཁྱེར་གྱི་བྲག་འགོ་དང་འཁོབ་ཡུལ་གྲོང་སྡེ་དང་།ལྕགས་ཟམ་རྫོང་གི་ནས་འབྲུ་སྒང་གྲོང་རྡལ་སོགས་ས་ཁུལ7གྱི་མཚོ་འཕགས་སྨི1300ནས་སྨི2500ཡི་ས་ཁུལ་དུ་མུའུ100ལྡན་པའི་འདྲེ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་དཔེ་སྟོན་འདེབས་གསོ་བྱས་པ་རེད།
        དཀར་མཛེས་ཁུལ་སན་ཞང་ཞིང་འབྲོག་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་ཁུར་མི་སྣ་ཧྭ་ཆིང་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆེད་མཁས་པའི་མཉམ་ལས་རུ་ཁག་གིས་ལག་རྩལ་ཁྲིད་སྟོན་བྱས་འོག དོ་དམ་ཞིབ་ཕྲ་བྱས་པར་བརྒྱུད། ཚན་པ་དང་པོའི་སེ་པན་ཟླ་བ་དང་པོའི་ཟླ་སྟོད་ལ་འཐོག་འགོ་བཙུགས་ནས་མུའུ་རེའི་ཐོན་ཚད་རྒྱ་མ5000ཡོད་པ་རེད། མིག་སྔར་རྒྱ་མ9000ཙམ་བཏོགས་ཟིན་པ་རེད། སེ་པན་གྱི་སྐྱེ་སྟོབས་འདིར་བལྟས་ན་རྒྱུན་མཐུད་དུ་ཟླ་བ10པའི་ཟླ་མཇུག་བར་སེ་པན་བཏོག་ཚར་རྒྱུ་རེད། སྔོན་ཚོད་བྱས་ན་ཚན་པ་གཉིས་པ་དང་གསུམ་པར་ས་ཞིང་མུའུ་རེར་སེ་པན་རྒྱ་མ8000ནས10000བར་ཐོན་ཐུབ་རྒྱུ་རེད། སྔོན་དཔག་བྱས་ན་ད་ལོར་ཐོན་ཚད་རྒྱ་མ་ཁྲི100ལས་བརྒལ་ཐུབ་རྒྱུ་དང་སེ་པན་གསར་པ་རྒྱ་མ་གང་རེར་སྒོར1.5ལྟར་བརྩིས་ན་ཐོན་སྐྱེད་རིན་ཐང་སྒོར་ཁྲི150ལྷག་རག་ཐུབ་རྒྱུ་རེད།
        འདྲེ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་དེ་འདྲེ་ཚེར་མ་དང་སེ་པན་གཉིས་འདེབས་གསོ་བྱས་ནས་གྲུབ་པ་ཞིག་རེད། སྐྱེ་འཕེལ་བྱུང་རིང་དུ་གཉན་འགོག་གི་རང་བཞིན་ལྡན་པས་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་འདེབས་གསོ་བྱེད་ས་འཚམ་པོ་ཡིན་པ་རེད། སེ་པན་གྱི་ཤུན་ལྤགས་སྲབ་ལ་ནང་སྙིང་མང་བ་དང་འབྲས་བུ་ཉུང་ལ་བཟོ་དབྱིབས་ཆེ་བ། འདྲེ་ཚེར་མ་འདུས་ནས་མངར་ཆ་མང་བ་དང་སེ་པན་གྱི་རོལ་བཅུད་སྤྱིར་བཏང་གི་སེ་པན་ལས་བཟང་བ་དང་བཏོག་ཡུན་རིང་ལ་ཉར་ཚགས་བྱེད་ཡུན་ཡང་རིང་བ་རེད།
        འདྲེ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་གྱི་ཐོན་ཚད་ལྟར་ན། མིག་སྔར་སྤྱི་གཉེར་ཁང་གིས་འདྲེ་ཚེར་མ་ནག་པོའི་འཚོ་བཅུད་ལྡན་པའི་སེ་པན་འདུར་མ་སོགས་ཐོན་རྫས་སྣ་མང་གསར་བཟོ་བྱེད་བཞིན་པ་དང་། ལས་སྣོན་ཞིབ་ཕྲ་བྱས་ནས་ཐོན་ལས་བྱེད་ཡུན་རིང་དུ་བཏང་ནས་ཐོན་རྫས་ཀྱི་རིན་ཐང་མཐོར་འདེགས་གཏོང་བར་བརྒྱུད། སང་ལོར་གཞི་ཁྱོན་རྒྱ་སྐྱེད་བཏང་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་མུའུ་སྟོང་ལྡན་པའི་འདྲེ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་གསོ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འདྲེ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་གྱི་རྟེན་གཞི་གསར་སྐྲུན་བྱས་ནས་མི་སེར་དེ་བས་མང་པོ་ལ་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཧྭ་ཆིན་ཞང་གིས་གསར་འགོད་པར་དེ་ལྟར་བཤད་པ་རེད།
        དཔེ་སྟོན་འདེབས་གསོ་བྱས་པར་བརྒྱུད། བདེ་བླགས་ངང་ནས་ལུག་གྲོད་ཤ་མོ་དང་འདྲེ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་རེས་སྐོར་འདེབས་གསོ་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུ་ལོན་པར་བརྟེན། ཕན་ནུས་ལྡན་པའི་སྒོས་ས་ཞིང་བེད་སྤྱོད་བྱེད་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་མང་ཚོགས་ལ་ཡང་དུ་ཡོང་འཕར་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་རྒྱུ་ལོན་པ་རེད།།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
བོད་ཀྱི་འབྲུ་མཛོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1