གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༤ཉིན།

སྡོད་ཁང་གསར་པར་སྤོས་ནས་འཚོ་བ་སྐྱིད་པོ་རོལ།འབྲོག་པའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས།



   སྡོད་ཁང་གསར་པར་སྤོས་ནས་འཚོ་བ་སྐྱིད་པོ་རོལ།འབྲོག་པའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས།

   དཔལ་ཡུལ་རྫོང་འདམ་ཐར་ཡུལ་ཤོག་ནི་མཐོ་སྒང་གི་དཔེ་མཚོན་འོས་པའི་འབྲོག་ཁུལ་ཞིག་ཡིན། ཡུལ་ཤོག་ཡོངས་ལ་འབྲོག་པའི་དུད་ཚང720ཡི་མི་གྲངས4289ཡོད། 2016ལོར་དབུལ་སྐྱོར་གནད་སྨིན་གྱི་སྲིད་ཇུས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ནས་ཡུལ་ཤོག་ཡོངས་ཀྱི་གྲོང་སྡེ4པོ་དེ་གྲོང་སྡེ་ཆེས་དབུལ་ཕོངས་ཀྱི་གྲས་སུ་བཞག་པ་དང་། དུད་ཚང194ཡི་མི་གྲངས933དེ་དུད་ཚང་དབུལ་ཕོངས་ཀྱི་གྲས་སུ་བཞག་པ་རེད། དེ་ཚོ་ཕལ་ཆེར་རྒྱང་རིང་གི་རི་མགོ་དང་ཡང་ན་ལ་སྐེད་ལ་ཁྱིམ་གཞིས་ཆགས་ནས་སྡོད་གནས་ཀྱི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པ་རེད། དུད་ཚང་དབུལ་ཕོངས་དེ་དག་སྔར་ནས་དབུལ་ཐར་ཡོང་བར་ཁག་ཐེག་བྱེད་ཆེད། ཡུལ་ཤོག་དེས་སེམས་ཁྲལ་བྱ་མི་དགོས་པ་གསུམ་དང་འགན་སྲུང་གསུམ་གྱི་བླང་བྱ་ལྟར། དུད་ཚང་དབུལ་ཕོངས107ཡི་མི་གྲང533ཡུལ་གཞན་དུ་གནས་སྤོའི་གྲས་སུ་བཞག་པར་མ་ཟད།གྲོང་སྡེ་དང་དུད་ཚང་དུ་ཕྱིན་ནས་དབུལ་ཕོངས་མང་ཚོགས་རི་ཁུལ་ནས་ཕྱིར་སྤོ་བའི་སྐུལ་སློང་བྱས་པ་རེད།

     འདམ་ཐར་ཡུལ་ཤོག་གི་གྲོང་སྡེ་སོ་སོའི་མང་ཚོགས་མི་རབས་ནས་མི་རབས་བར་ཡུལ་འདིར་འཚོ་གནས་བྱས་སྟབས་ས་ཆ་འདིར་བརྩེ་དུང་ཟབ་མོ་ཡོད་པས་ཁོ་ཚོ་ཡུལ་འདི་ནས་གནས་སྤོ་བྱ་དགོས་པའི་རེ་བ་བཏོན་སྐབས་ཚང་མའི་བློར་མི་འབབ་པ་རེད་ཅེས་འདམ་ཐར་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་བསྟན་འཛིན་བཀྲ་ཤིས་ཀྱིས་དེ་ལྟར་བཤད། ཡུལ་གཞན་དུ་གནས་སྤོ་བྱེད་པའི་ལས་གཞི་མྱུར་དུ་སྤེལ་འགོ་འཛུགས་ཆེད། གྲོང་སྡེའི་ལས་བྱེད་པ་ཚོས་ཕྱོགས་གཅིག་ནས་དུད་ཚང་རེ་རེ་བཞིན་ལ་སྲིད་ཇུས་དྲིལ་བསྒྲབས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཡུལ་གཞན་དུ་གནས་སྤོ་བྱེད་ས་གདམ་གསེས་དང་གྲོང་འཛུགས་འཆར་འགོད། སྡོད་ཁང་ཇུས་འགོད་སོགས་ཀྱི་ལས་ཀ་བསྒྲུབས་པ་རེད།

    དང་ཐོག་ཡུལ་གཞན་དུ་གནས་སྤོའི་སྐུལ་སློང་ལས་ཀ་སྒྲུབ་སྐབས་མང་ཚོགས་ཀྱིས་བསམ་ཤེས་ཡག་པོ་བྱེད་མི་ཐུབ་ནས་གྲོང་གསེབ་ཀྱི་ལས་བྱེད་པར་དཀའ་ལས་ཁག་པོ་བཟོས་པ་རེད། ལས་བྱེད་པ་ཚོས་ཁ་སྐོམ་ན་རི་ཁྲོད་ཀྱི་བྲག་ཆུ་འཐུང་བ་དང་ཕོ་བ་ལྟོགས་ན་བཟོད་བསྲན་བྱས། སྐབས་འགར་ཉིན་རེར་ཟ་མ་ཐེངས་རེ་མ་གཏོགས་ཟ་རྒྱུ་རག་མི་ཐུབ་པ་རེད། རྗེས་སུ་ལས་བྱེད་པ་ཚོས་རང་གིས་ལམ་རྒྱགས་དང་འཐུང་ཆུ་ཁྱེར་ནས་ཉིན་ལྟར་དུད་ཚང་གཅིག་ཀྱང་ཆད་ལུས་མེད་པར་བསམ་བློའི་སློབ་གསོ་བརྒྱག་རྒྱུར་རྒྱུན་འཁྱོངས་བྱས་པ་རེད།

    ལས་བྱེད་པ་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོས་གནས་སྤོའི་སྐུལ་སློང་ལས་ཀ་སྤེལ་བར་བརྒྱུད། མང་ཚོགས་ཀྱིས་རིམ་བཞིན་ཡུལ་གཞན་དུ་གནས་སྤོ་བྱེད་པའི་སྲིད་ཇུས་ཀྱི་དགེ་མཚན་བསམ་ཤེས་བྱས་ཤིང་ལས་བྱེད་པ་ཚོའི་བསམ་དོན་དང་ལེན་བྱས་ནས་ཡུལ་གཞན་དུ་གནས་སྤོ་བྱ་རྒྱུར་ཁས་ལེན་བྱས་པ་རེད།

    མང་ཚོགས་ཡུལ་གཞན་དུ་གནས་སྤོ་བྱེད་པར་ཡིད་མཐུན་བྱུང་བའི་གནས་ཚུལ་ཐོས་རྗེས། ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་ཉིན་དེའི་དགོང་མོར་གྲོས་ཚོགས་འཚོགས་ནས་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས་རྗེས། ཕྱི་ཉིན་ཡུལ་ཤོག་གི་ལས་བྱེད་པས་ལས་བགོས་འགན་འཁྲི་ལྟར་མྱུར་དུ་གྲ་སྒྲིག་ལས་ཀ་སྣ་ཚོགས་སྤེལ་བ་རེད།

སྡོད་ཁང་གསར་པར་སྤོས་ནས་འཚོ་བ་སྐྱིད་པོ་རོལ།འབྲོག་པའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས།

     ཟླ་བ4འགོར་རྗེས་མཛེས་ཤིང་གྲལ་འགྲིག་པོའི་སྡོད་ཁང་དེ་དག་གནས་སྤོ་བྱ་ཡུལ་དུ་བསྐྲུན་ཟིན་པར་མ་ཟད། ད་དུང་ཆུ་གློག་ལམ་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་སྒྲིག་པའི་ལས་ཀ་ཡང་ཕལ་ཆེར་འཐུས་ཚང་བཏང་ཟིན་པ་རེད། གནས་སྤོ་བྱ་ཡུལ་དུ་མགྱོགས་པར་སྡོད་ཐུབ་པའི་ཆེད་དུ་ཡུལ་ཤོག་གི་ལས་བྱེད་པ་ཚོས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་ལྟ་སྐོར་བྱས་པར་མ་ཟད། ད་དུང་མང་ཚོགས་ཀྱི་འདོད་བློ་དང་དགོས་མཁོ་གང་ཡོད་རྒྱུས་ལོན་བྱས་པ་རེད།

     འདམ་ཐར་ཡུལ་ཤོག་གི་གནས་སྤོ་བྱ་ཡུལ་དུ་སྨྱུག་འཛིན་པ་གནས་སྤོ་བྱས་ནས་ཉིན་གཉིས་ལས་སོང་མེད་པའི་དུད་ཚང་དབུལ་ཕོངས་ཨ་ཚོགས་ཀྱི་ཁྱིམ་དུ་སླེབས་སྐབས། ཁོ་ཚོའི་ཁྱིམ་དུ་ཁྱིམ་ཆས་སྣ་ཚོགས་དང་འཚོ་བའི་སྤྱོད་ཆས་གང་མང་སྒྲིག་བཞིན་བྲེལ་བ་བྱེད་བཞིན་པའི་སྒང་རེད། ཨ་ཚོགས་ཀྱིས་སྔོན་ཆད་ང་ཚོ་ཆེས་རྒྱང་རིང་གི་འབྲོག་ཁུལ་དུ་ཆགས་ནས་ཁོར་ཡུག་གི་ཆ་རྐྱེན་ཞན་ལ་འཚོ་བར་དཀའ་ངལ་ཆེ་བ་རེད། བུ་རྒྱུད་སློབ་གྲྭར་འགྲོ་བ་དང་འབྲུ་རིགས་ཉོ་སྒྲུབ་བྱེད་པར་ཧ་ཅང་སྟབས་མི་བདེ་བ་རེད། ཡུལ་ཤོག་སྲིད་གཞུང་དུ་སོང་ནའང་ཉི་མ་གཉིས་ཏག་ཏག་འགྲོ་དགོས་ཀྱི་ཡོད། ད་ལྟར་སྡོད་ཁང་གསར་པའི་ནང་སྤོས་ནས་ཁོར་ཡུག་གི་ཆ་རྐྱེན་བཟང་ཞིང་། སློབ་གྲྭར་འགྲོ་བ་དང་སྨན་བཅོས་བྱེད་པ་གང་ཅིའི་ཐད་ལའང་ཧ་ཅང་སྟབས་བདེ་མོ་རེད། ཁྱིམ་ནང་ལ་གློག་དང་ཆུ། རྒྱང་བསྒྲགས་དང་བརྙན་འཕྲིན་སོགས་ཡོད་པར་མ་ཟད། ད་དུང་ཕྱི་ཕྱོགས་ཀྱི་སྒོ་རའི་ནང་སྤོ་ལོ་རྒྱག་ས་ཡོད། རྗེས་མར་ང་ཚོའི་འཚོ་བ་ཇེ་ཡག་དང་ཇེ་སྐྱིད་ཡོང་ཐུབ་ངེས་རེད། ཏང་ཨུ་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོས་ང་ཚོ་དབུལ་ཕོངས་ཀྱི་འཚོ་བ་ལས་ཐར་ཐུབ་པར་བཟོ་བར་བཀའ་དྲིན་ཆེ་ཞེས་བཤད་པ་རེད།

    དེ་རྗེས་སྨྱུག་འཛིན་པ་སྐྱིད་བདོ་གྲོང་སྡེར་འགྲོ་སྐབས་དུད་ཚང་དབུལ་ཕོངས་འབྱོར་དཔལ་གྱིས་སྒོ་རའི་ནང་གཙང་སྦྲ་བྱེད་བཞིན་པར་མཐོང་དུས་ཁོས་ཁྱོད་ཚོའི་སྡོད་ཁང་སྐྱིད་པོ་འདི་འདྲ་ཡོད་འདུག་འཛུགས་སྐྲུན་བྱེད་གླ་ག་ཚོད་རེད་ཅེས་དྲིས་པར། འབྱོར་དཔལ་གྱིས་དགའ་སྤྲོའི་ངང་ང་ཚོ་དུད་ཚང་དབུལ་ཕོངས་ཡིན་པས་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ནུས་པ་གཏན་ནས་མེད་པ་རེད། སྡོད་ཁང་འདི2018ལོ་རྒྱལ་ཁབ་ཀྱིས་སྒོར་ཁྲི11སྤྱད་ནས་ང་ཚོར་སྐྲུན་རོགས་བྱས་པར་མ་ཟད་ད་དུང་ཁྱིམ་ཆས་ཉོ་རོགས་བྱས་ཡོད། སྡོད་ཁང་འདིར་གཞི་ཁྱོན་སྨི་གྲུ་བཞི་མ75ཡོད་པ་ང་ཚོའི་ཁྱིམ་མིའི་མི་གྲངས་ལ་གཞིགས་ནས་གཞི་ཁྱོན་གཏན་འཁེལ་བྱས་པ་རེད་ཅེས་བཤད་པ་རེད།

     ཡུལ་གཞན་དུ་གནས་སྤོ་བྱེད་མཁན་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་ཆེད། འདམ་ཐར་ཡུལ་ཤོག་གི་ལས་བྱེད་པ་ཡུལ་དངོས་སུ་བརྟག་ཞིབ་བྱེད་སར་ཐེངས་མང་ཕྱིན་ནས་ཡོངས་ཁྱབ་ཏུ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་དབུལ་ཐར་འགག་སྒྲོལ་གཞུང་ལས་ཁང་ལ་སྙན་སེང་ཞུ་གང་ཐུབ་བྱས་ཏེ་མ་སྐུལ་དང་བླངས་ངང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་མཐུན་སྦྱོར་དང་བསམ་ཚུལ་བརྗེ་རེས་བྱས་ནས། མང་ཚོགས་ལ་གློག་གིས་ཚ་ལ་རྒྱག་པ་དང་འཕྲུལ་རྟ་འཁོར་ལོ་ཉམས་གསོ། འཚེམ་བཟོ་སོགས་ཀྱི་ལག་རྩལ་སྦྱོང་བརྡར་གྱི་གོ་སྐབས་རག་ཐབས་བྱས་པ་རེད།

     གསོ་སྦྱོང་བྱས་པར་བརྒྱུད་ནས་ང་རང་གིས་གློག་གིས་ཚ་ལ་གཏོང་བའི་ལག་རྩལ་རགས་ཙམ་ཤེས་སོང་། དུས་རྒྱུན་ང་རང་གློག་གིས་ཚ་ལ་རྒྱག་པའི་ལག་རྩལ་ལ་བརྟེན་ནས་ཉིན་གླ་རྒྱག་སར་ཕྱིན་ཏེ་ཁྱིམ་ནང་གི་སྤྱོད་དངུལ་ཅུང་ཙམ་ལོན་ཐབས་བྱས་པ་ཡིན། དེའི་ཐོག་དབྱར་རྩྭ་དགུན་འབུ་དང་སྙི་བ། གྲོ་མ་སོགས་རྐོ་བའི་དུས་ཚིགས་སུ་ཟུར་ལས་ཀྱི་ཡོང་འབབ་མི་ཉུང་བ་རག་པ་དང་། དེ་ནས་རྒྱལ་ཁབ་ཀྱི་ཁ་གསབ་རོགས་སྐྱོར་གང་མང་ཡོད་སྟབས། ང་ཚོའི་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་མེད་ཅེས་དཔལ་འབྱོར་གྱིས་དེ་ལྟར་བཤད་པ་རེད།

      ཤེས་རྟོགས་བྱས་པ་ལྟར་ན། 2016ལོ་ནས2018ལོར་འདམ་ཐར་ཡུལ་ཤོག་གི་དུད་ཚང107ཚང་མ་ཡུལ་གཞན་དུ་གནས་སྤོ་བྱས་ཚར། གནས་སྤོ་བྱ་ཡུལ་ཚང་མར་གློག་དང་། ལམ། རྒྱང་བསྒྲགས་བརྙན་འཕྲིན། འཕྲིན་གཏོང་བརྡ་རྟགས། ཨར་འདམ་གཞུང་ལམ་སོགས་ཆ་ཚང་བསྐྲུན་ཟིན་ནས་གནས་སྤོ་བྱེད་སའི་གྲོང་སྡེའི་རྣམ་པ་གཙང་ལེགས་འགྲིག་གསུམ་ཡིན་ནོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1