མའོ་རྫོང་གི་འཕོ་འགྱུར་དང་ལོ་ངོ་བདུན་ཅུ།

མགོན་པོ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-04


      ཀྱུར་ཀྱུར་སྙན་པའི་ཆའང་གི་རོལ་དབྱངས་ཀྱིས་ལོ་ངོ་བདུན་ཅུའི་དཀའ་སྡུག་བརྗོད་ཡོད་ལ། ལྷུང་ལྷུང་འབབ་པའི་རྨིན་ཅང་གཙང་པོས་མའོ་རྫོང་གི་མཐུན་སྒྲིལ་དང་འབད་བརྩོན། དུས་རབས་གསར་བའི་གྲུབ་འབྲས་བཅས་མཚོན་ཡོད། ལོ་ངོ་བདུན་ཅུར། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་མའོ་རྫོང་མི་དམངས་ཀྱིས་མི་ལྡོག་བརྟན་པའི་འབད་བརྩོན་གྱི་གོ་ཆ་བགོས་ཏེ། དབུལ་ཕོངས་དང་རྗེས་ལུས་ཀྱི་འཆིང་རྒྱ་ལས་གྲོལ། དེ་ལྟར་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་མའོ་རྫོང་གི་དཔལ་འབྱོར་དབྱར་མཚོ་ལྟར་རྒྱས་ཤིང་དམངས་ཀྱི་འཚོ་བ་འབྱོར་བས་ཕྱུག
     ལོ་ངོ་བདུན་ཅུའི་རིང་དུ། མའོ་རྫོང་གི་ཏང་ཨུ་དང་སྲིད་གཞུང་གི་མི་རབས་སོ་སོའི་ཡང་དག་པའི་སྣེ་ཁྲིད་དང་། རྫོང་ཡོངས་ཀྱི་མི་དམངས་ཀུན་གྱིས་ཉིན་ལས་ཉིན་ཐུང་ཞིང་མཚན་ལས་མཚན་ཐུང་བར་བྱས་ནས། གང་བརྩམས་ལས་ལ་ཤ་ཐང་ཐང་གིས་འབད་བརྩོན་བྱས། སྤྱི་ལོ་2018ལོར་སླེབས་པ་ན། མའོ་རྫོང་གི་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་342700ཡིན་ཞིང་། བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་མགོ་དང་བསྡུར་ན་ལྡབ་131འཕར་བ་དང་། ཐོན་ལས་དང་པོ་སྒོར་61123འཕར་བས་སྤྱི་ལོ་1978ལོ་དང་བསྡུར་ན་ལྡབ་44འཕར་བ་རེད། ཐོན་ལས་གཉིས་པ་སྒོར་207730འཕར་བས་སྤྱི་ལོ་1978ལོ་དང་བསྡུར་ན་ལྡབ་402འཕར། ཐོན་ལས་གསུམ་པ་སྒོར་75150འཕར་བས་སྤྱི་ལོ་1978ལོ་དང་བསྡུར་ན་ལྡབ་100འཕར། མི་རེའི་ཆ་སྙོམས་GDP30880ཡིན་པས་སྤྱི་ལོ་1978ལོ་དང་བསྡུར་ན་ལྡབ་87འཕར་བ་རེད།
    ལོ་ངོ་བདུན་ཅུའི་རིང་དུ་མའོ་རྫོང་གི་འཚོ་བ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་། རྒྱལ་དམངས་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། བཟོ་ལས་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་སུ་ཕྱིན་པས་རྫོང་མཁར་གྱི་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་རྣམ་པ་སོགས་ཕྱོགས་གང་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ། རྫོང་མཁར་སྟོབས་འབྱོར་རྒྱས་ཤིང་དམངས་ཀྱི་འཚོ་བ་དགའ་བདེས་ཁྱབ་ཡོད།
    ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཀྱི་བསམ་བློའི་མཛུབ་སྟོན་གྱི་མཐུ་ལས། མ་འོངས་པའི་འཕེལ་རྒྱས་ཀྱི་ལམ་ཁ་སྔར་ལས་ཡངས་ཤིང་གཡུར་དུ་ཟ་བའི་གྲུབ་འབྲས་སྨིན་པ་སྤོབས་པ་དང་ཡིད་ཆེས་ཀྱིས་བརྟས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1