དར་མདོ་གྲོང་ཁྱེར་མི་རིགས་སློབ་ཆུང་གིས་སློབ་འགོ་ཚུགས་པའི་སློབ་ཐུན་དང་པོའི་འགོ་ཡག་པོ་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-05


    སྤྱི་ཟླ8པའི་ཚེས31ཉིན་གྱི་སྔ་དྲོར།དར་མདོ་གྲོང་ཁྱེར་མི་རིགས་སློབ་ཆུང་གིས་མི་རིགས་མཐུན་སྒྲིལ་ཁྱིམ་མི་གཅིག་ལྟར་བརྩེ་དུང་ཟབ་ཅེས་པའི་སློབ་ཐུན་དང་པོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ།
   སློབ་གྲྭ་དེའི་ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པའི་སློབ་ཁང་དུ་སློབ་མའི་འཐུས་ཚབ་ཀྱིས་ཆེད་དོན་གཏམ་བཤད་བྱེད་སར་གཟུགས་ལམ་གྱི་ཐོག་ནས་སློབ་གྲོགས་ཚོ་དང་མཉམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་མཚོན་པའི《ཀྲུང་ཧྭ་ལ་དགའ་བ》ཞེས་པའི་གླུ་ཚིག་ལ་སློབ་སྦྱོང་བྱས་ནས། མི་རིགས་མཐུན་སྒྲིལ་ཁྱིམ་མི་གཅིག་ལྟར་བརྩེ་དུང་ཟབ་ཅེས་པའི་བརྗོད་དོན་གཙོ་བོའི་སློབ་ཐུན་དང་པོ་འཚོག་འགོ་བཙུགས་པ་རེད།
    ཐེངས་འདིའི་བྱེད་སྒོའི་ནང་སློབ་མའི་འཐུས་ཚབ་ཀྱིས་གཙོ་སྐྱོང་བྱས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས། སློབ་མའི་བར་ཕན་ཚུན་རམ་འདེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཁོ་ཚོའི་སེམས་ལ་བརྟན་པོ་འཛིན་པ་དང་། སློབ་མ་ཚང་མ་མི་རིགས་མཐུན་སྒྲིལ་ཡོང་བའི་སྲུང་སྐྱོང་པ་འགྱུར་ཐུབ་པའི་རེ་བ་བཏོན་པ་རེད། འཛིན་གྲྭ་དེའི་གཙོ་འགན་ཁུར་མཁན་དགེ་རྒན་ཀྲའོ་ཞ་ཡིས་འཛིན་གྲྭ་དེའི་སློབ་མ་ལི་ཅ་ཆི་དང་ཏེང་ཞིན། ཀྲུའུ་ཡུས་ཞི། ཧྲེན་ཡོན་ཧན་བཅས་ཀྱིས་ལག་བཤུས་བྱས་པའི་མའོ་ཙེ་ཏུང་དང་དབྱི་སུའོ་ཡི་མཐུན་སྒྲིལ་སྐོར་གྱི་གདམས་ཚིག་གྲགས་ཅན་དེ་དག་སློབ་མ་ཚོའི་སེམས་ལ་བརྟན་པོ་འཛིན་ཆེད་སློབ་ཁང་དུ་ཤོག་དེབ་རེ་རེ་བཞིན་དུ་འགྲེམས་སྟོན་བྱས་པ་རེད།
    རྣམ་པ་གསར་པའི་སློབ་ཐུན་དང་པོ་བརྒྱུད་དེ་ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པའི་སློབ་མ་ཚོའི་སེམས་གཏིང་ལ་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་མོ་ཞིག་ཆགས་པ་དང་། སློབ་གྲོགས་ཚོར་ཡང་དག་པའི་མི་ཚེའི་ལྟ་བ་དང་། རིན་ཐང་གི་ལྟ་བ་འཛིན་རོགས་བྱེད་ཐུབ་པར་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་ཁྱིམ་མི་གཅིག་ལྟར་བརྩེ་དུང་ཟབ་པར་སྐུལ་འདེད་གཏོང་ཐུབ་པ་རེད། སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་དུ་སློབ་སྦྱོང་ཡག་པོ་བྱེད་པ་དང་། མེས་རྒྱལ་ལ་དགའ་བ། སློབ་མའི་བར་ཕན་ཚུན་རོགས་རམ་སོགས་བྱས་ནས། ཐུན་མོང་དུ་འཆམ་མཐུན་ལྡན་པའི་འཛིན་གྲྭར་བསྐྲུན་པར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1