ཞིང་བ་ཚོ་སྟོན་འབྲུ་བསྡུ་བའི་ལས་ལ་བྲེལ་བཞིན་འདུག

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-05



     སྟོན་འབྲུ་བསྡུ་བའི་དུས་སུ་སླེབས་པ་དང་བསྟུན། མཛོད་དགེ་རྫོང་ཨ་སྐྱིད་རོང་ཡུལ་ཚོའི་ཞིང་བ་ཚོས་ཞིང་བསྡུ་འཕྲུལ་འཁོར་བེད་སྤྱོད་བྱས་ཤིང་། སྟོན་འབྲུ་བསྡུ་བའི་ལས་ལ་བྲེལ་བཞིན་འདུག

     ཨ་སྐྱིད་རོང་ཡུལ་ཚོའི་མཛོ་མགོ་སྡེ་བའི་སྡེ་མི་རིན་བཀྲ་ཡིས་བཤད་པ་ལྟར་ན། ཡང་བསྐྱར་ལོ་གཅིག་གི་སྟོན་འབྲུ་བསྡུ་བའི་དུས་ལ་སླེབས་ཤིང་། སྔ་དྲོར་ང་ཚོས་རང་གི་གནའ་བོའི་འགྲོ་ལུགས་ལྟར་སྟོན་འབྲུ་བྲེག་ཅིང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དེང་རབས་ལག་རྩལ་གྱི་འཕེལ་རྒྱས་འོག་ང་ཚོར་སྟོན་འབྲུ་བསྡུ་བར་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་ཡོད། ཅེས་ཟེར།

      རྒྱུས་ལོན་པ་ལྟར་ན། ད་ལོར་རང་རྫོང་གིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་སྙོམས་སྒྲིག་བྱས་ཤིང་། དཔལ་འབྱོར་ལོ་ཏོག་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཇེ་ཆེར་བཏང་བ་དང་། ད་ལོར་རྫོང་ཡོངས་ཀྱི་ནས་འབྲུ་མུའུ་11700འདེབས་འཛུགས་བྱས་ཡོད་ལ། ན་ནིང་དང་བསྡུར་ན་མུའུ་964ཇེ་ཉུང་དུ་བཏང་ཡོད། ནས་འབྲུ་འདེབས་འཛུགས་བྱེད་ས་གཙོ་བོར་ཨ་སྐྱིད་རོང་ཡུལ་ཚོ་དང་ཆོས་རྗེ་ཡུལ་ཚོ། ཚོང་རུ་ཡུལ་ཚོ་རུ་ཁྱབ་ཡོད། ད་སྐབས་ཡུལ་ཚོ་སོ་སོའི་ཞིང་བ་ཚོར་སྟོན་འབྲུ་བསྡུ་བའི་ལས་ལ་བྲེལ་བཞིན་ཡོད་ཅིང་། སྔོན་དཔག་བྱས་པ་ལྟར་ན་ད་ལོར་ཟླ་9བའི་ཟླ་སྟོད་དུ་སྟོན་འབྲུ་བསྡུ་བར་ལེགས་འགྲུབ་བྱུང་ཐུབ་པར་མ་ཟད། ནས་འབྲུ་ཡི་སྤྱིའི་ཐོན་ཚད་ཏུན་1480ཡས་མས་ཟིན་ཐུབ་བོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1