གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༩ཉིན།

རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཁྲེན་ཏུའུ་རུ་འཚོགས།


        སྤྱི་ཟླ་9པའི་ཚེས་6ཉིན།  རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཁྲེན་ཏུའུ་རུ་འཚོགས་ཤིང་།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་གཙོ་སྒྲུབ་དང་།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་རིག་ཞིབ་འཇུག་ལས་དོན་གཞུང་ལས་ཁང་དང་།  སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་དཔེ་རྙིང་ལེགས་སྒྲིག་གཞུང་ལས་ཁང་།  ཁྲེན་ཏུའུ་མཉམ་འབྲེལ་རི་མོ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་།  སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།  ཧི་མ་ལ་ཡའི་རིག་མཛོད་ཁང་བཅས་ཀྱིས་འགན་སྒྲུབ་བྱས།
        ཚོགས་འདུ་རུ་ལྗོངས་ཞིང་ལྔའི་བོད་ཁུལ་དང་ས་གནས་གཞན་པའི་ཚན་རིག་ཞིབ་འཇུག་གི་ལས་ཁུངས་དང་།  དཔེ་རྙིང་ལེགས་སྒྲིག་ལས་ཁུངས།  དཔེ་མཛོད་ཁང་།  མཐོ་རིམ་སློབ་གྲྭ་སོགས་ཀྱི་ཆེད་མཁས་མི་སྣ་དང་དགེ་རྒན་ཆེན་མོ།  ཞིབ་འཇུག་མི་སྣ་སོགས་ཉིས་བརྒྱ་ལྷག་གདན་འདྲེན་ཞུས་ཡོད།

        2017ལོར་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཚོགས་ཚུན།  རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ལས་དོན་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གི་ཆུ་ཚད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།  ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཧུར་ཐག་གཏོང་བ།  རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ།  བོད་ལྗོངས་དང་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།  དེ་དང་ཆབས་ཅིག་དཔེ་རྙིང་ཚད་ལྡན་ཡིག་ཆ་ཞིབ་འཇུག་པས་བསམ་བློ་སྤེལ་རེས་དང་།  ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ།  མཉམ་ལས་ལ་ཤུགས་སྣོན་བཅས་བྱ་རྒྱུར་སྟེགས་བུ་གལ་ཆེན་ཞིག་མཁོ་འདོན་བྱས།

        ཤེས་རྟོགས་བྱུང་བ་ལྟར་ན།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ད་ཐེངས་ཚོགས་ཞུགས་མི་སྣར་“བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་གྱི་འཛུགས་སྐྲུན་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་”གྲོས་འགོའི་ཡི་གེ་བཏོན་པ་དང་འབྲེལ།  “བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་རིགས་དབྱེ་བྱེད་ཐབས་(ཚོད་ལྟའི་ཇུས་གཞི)”གྲུབ་ཚུལ་སྐོར་གསལ་བཤད་བྱས་ཡོད།  དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་གྱི་འཛུགས་སྐྲུན་མཉམ་སྐྲུན་མཉམ་སྤྱོད་ལ་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་ཐད་བཏོན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ནོ། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1