༄༅།། སེམས་ཀྱི་བསམ་གཞིག

གངས་བུ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-10



གངས་བུ།
ཟླ་འོད་ཤེལ་གྱི་མེ་ལོང་མཁར་འཚེར་ཡང་།
ཁྱོད་མེད་པའི་སེམས་ཀྱི་སྨག་རུམ་སེལ་མ་ཐུབ།
ལྗོངས་མདོག་ས་གཞིར་བཞད་པའི་མེ་ཏོག་གི་ཚོན་མདངས་ཀྱིས།
ཤོར་སོང་བའི་སྙིང་ཆུང་གི་མཛེས་པ་དེའི་ཚབ་མ་འོང་།

རྨི་ལམ་དང་དམ་ཚིག
འགྱུར་རྡོའི་གཟུགས་སུ་གྲུབ་སོང་།
མེ་ལོང་གི་དྲན་པའི་གས་ཁ་ནས།
འཆར་སྣང་གི་བྱད་གཞིན་ཆག་གྲུམ་ཤོར།
ལས་དབང་གིས་བཞུར་བའི་མིག་ཆུ་རེ་རེ།
སྔ་མ་ནས་འཇོག་པའི་ལན་ཆགས་རེ་རེ།
དྲན་གདུང་གིས་མནར་བའི་ན་ཟུག་རེ་རེ།
ཕྱི་མ་ལ་ཕུལ་བའི་བུ་ལོན་རེ་རེ།

གང་ལྟར།
མངར་ཁ་སྐྱུར་གསུམ་གྱི་འཚོ་བ་དང་།
བརྒྱ་བཤད་སྟོང་བཤད་ཀྱི་མི་ཚེ་འདི།
རླུང་འཚུབ་དྲག་པོའི་ཁྲོད་ཀྱི་མར་མེ་བཞིན།
ལན་རེར་བསལ་བར་བྱེད་ཀྱང་།
བསལ་ཡུན་ཧ་ཅང་ཐུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1