པར་རིས་ལམ་ནས་འཚོ་བ་གསར་པར་བསྟོད།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-18



        ཀྲུང་གོ་གསར་པ་བཙུགས་ནས་བགྲང་བྱ་70ཡི་འཕེལ་རྒྱས་ཁྲོད། བོད་རིགས་ས་ཁུལ་ནི་དབུལ་ཕོངས་ནས་འབྱོར་ཕྱུག་དང་། རྗེས་ལུས་ནས་དར་རྒྱས། དེ་མིན་སྒོ་རྒྱག་པ་ནས་སྒོ་འབྱེད་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན། ཀྲུང་གོ་གསར་པའི་སྲིད་བཟང་གི་ཉི་འོད་ཁྲོད། སི་ཁྲོན་བོད་ཁུལ་ནི་དཔའ་ངར་ཆེན་པོས་ངང་མདུན་དུ་བསྐྱོད་ཡོད་ལ། མེས་རྒྱལ་གྱི་གོམ་སྟབས་དང་བསྟུན་ནས་མཉམ་དུ་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་དྲུག་པ་འཚོགས་རྗེས། སི་ཁྲོན་བོད་ཁུལ་གྱིས་ཁྱོན་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་ཡུལ་སྐོར་དང་སྐྱེ་ཁམས་སྲུང་སྐྱོང་། དབུལ་གྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས། དེ་མིན་དམངས་འཚོ་ལེགས་བཅོས་དང་རིག་གནས་རྒྱུན་འཛིན། ཁྲིམས་ལྟར་བོད་སྐྱོང་བཅས་ཀྱི་ལས་ཀ་སོགས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད་ལ། བོད་ཁུལ་དུ་ཡང་བསྐྱར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་མཛུབ་སྟོན་འོག །དེ་རིང་གི་བོད་ཁུལ་ནི་གསར་གཏོད་ལས་གཏོད་དང་ཕུགས་བསམ་མངོན་འགྱུར་འབྱུང་སའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཆེན་པོ་ཞིག་ཏུ་གྱུར་དང་འགྱུར་བཞིན་མཆིས།
བདེ་སྐྱིད་འཚོ་བའི་ལེའུ། 

        ཀྲུང་གོ་གུང་ཁྲན་ཏང་གི་གཟི་འོད་ཀྱི་འོག་ནས་བོད་རིགས་མི་དམངས་རྣམས་ལ་བཅིངས་གྲོལ་ཐོབ་ཅིང་། བདེ་སྐྱིད་ཀྱི་འཚོ་བའི་ཕྱོགས་སུ་གོམ་སྟབས་མགྱོགས་པོས་བསྐྱོད། དེང་སྐབས་དུས་རབས་གསར་པའི་དར་ཆ་བསྒྲེངས་ནས། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་དབུ་ཁྲིད་འོག །སི་ཁྲོན་བོད་ཁུལ་དབུལ་སེལ་འགག་སྒྲོལ་གྱི་ལམ་བུའི་ཐོག་དཔའ་ངར་ཞུམ་མེད་ངང་བསྐྱོད་ཅིང་། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་བསམ་ཡུལ་ལས་འདས་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་པར་བསུ་བཞིན་ཡོད།


ཆ་འཕྲིན་འཕེལ་རྒྱས་ཀྱི་ལེའུ། 
        ཀི་རྒྱག་པ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་སྟབས་ཤིག་ཡིན་ཀྱང་། ད་ལྟ་རང་རེའི་རྒྱལ་ཁབ་ཀྱི་ཆ་འཕྲིན་ལག་རྩལ་མུ་མཐུད་དུ་འཕེལ་རྒྱས་ཕྱིན་པ་དང་ལྷན་དུ། བོད་ཁུལ་མང་ཚོགས་ཀྱིས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཁ་པར་དང་གློག་ཀླད་སོགས་སྤྱོད་བཞིན་ཡོད་ལ། སི་ཁྲོན་བོད་ཁུལ་གྱི་ས་ཁོངས་ཧ་ལམ་སྤྱི་ལེ་གྲུ་བཞི་མ་ཁྲི་24.98ལ་ཆ་འཕྲིན་དྲ་བ་ཡོངས་ཁེབས་མངོན་འགྱུར་བྱུང་ཡོད།

འགྲིམ་འགྲུལ་འགྱུར་ལྡོག་གི་ལེའུ། 

        སྲོལ་རྒྱུན་གྱི་ཁལ་མ་ནས་ད་ལྟའི་འཕྲུལ་རྟ་དང་རླངས་འཁོར་སོགས་ཀྱི་བར། སི་ཁྲོན་བོད་ཁུལ་གྱི་མང་ཚོགས་རྣམས་ཀྱི་འགྲིམ་འགྲུལ་ཡོ་བྱད་དུས་རབས་དང་མཐུན་ཞིང་འཕེལ་རྒྱས་ཀྱི་འགྲོས་ཚད་ཤིན་ཏུ་མྱུར་ལ། འབྲོག་ཁུལ་དུ་འཕྲུལ་རྟ་ནི་རྫི་རྟ་རུ་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1