མཛོད་དགེ་རྫོང་གིས་ཁོར་སྲུང་བའི་ངལ་གསོ་ཁང་བེད་སྤྱོད་བྱས་པ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-20



       ཉེ་ཆར། མཛོད་དགེ་རྫོང་གིས་གསར་དུ་སྒྱུར་བཀོད་བྱས་པའི་ཁོར་སྲུང་བའི་ངལ་གསོ་ཁང་ཐོག་མ་དེ་སྤྱོད་མགོ་ཚུགས་ནས། གྲོང་ཁྱེར་ལ་མཛེས་སྤྲས་མཁན་ཚོར་དྲོ་སྐྱིད་ལྡན་པའི་ངལ་གསོ་བྱེད་གནས་ལྡན་དུ་བཅུག
       རྫོང་གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣས་གྲོང་ཁུལ་གྱི་ཁོར་སྲུང་བའི་ངལ་གསོ་ཁང་དུ་ཁོར་སྲུང་བ་ཚོར་ཟླ་གོར་སྟེར་བཞིན་ཡོད་ལ། ངལ་གསོ་ཁང་ནང་དུ་ཅོག་ཙེ་དང་རྐུབ་སྟེགས་ཡོད་པ་མ་ཟད། ད་དུང་ཆེད་དུ་བཏུང་ཆུའི་འཕྲུལ་འཁོར་དང་ཤོག་ཕོར་བཀོད་སྒྲིག་བྱས་ཏེ་ཁོར་སྲུང་བར་ངལ་གསོའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད།
      ཁོར་སྲུང་བ་ལི་ཁྲང་ཞིའུ་ཡིས་བཤད་རྒྱུར། ངས་2002ལོ་ནས་2019ལོའི་བར་ཐང་ཕྱགས་ནས་ལོ་17འགོར་ཞིང་། གླ་ཕོགས་སྒོར་400ནས་དེང་གི་སྒོར་1650བར་རིམ་བཞིན་འཕར། ད་ལྟ་ཡང་ང་ཚོར་ངལ་གསོ་ཁང་བཀོད་སྒྲིག་བྱས་ཡོད། གནམ་གཤིས་དྲོ་དུས་ངལ་གསོ་ཁང་དུ་སིལ་ཇ་བཏུང་ཆོག་ལ། དགུན་འཁྱགས་པའི་དུས་སུ་ཆུ་ཁོལ་བཏུང་ཆོག རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ང་ཚོ་ཁོར་སྲུང་བ་ལ་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ།

      ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་རྫོང་གྲོང་དུ་ཁོར་སྲུང་བའི་ངལ་གསོ་ཁང་4སྔ་རྗེས་སུ་བསྒྱུར་སྐྲུན་བྱས་ཏེ། གྲོང་ཁྱེར་མཛེས་སྤྲས་མཁན་ལ་རླུང་འགོག་ཆར་གཡོལ་དང་ངལ་གསོ་བག་ཕེབས་བྱ་ཡུལ་མཁོ་འདོན་བྱས་ནས། ཁོང་ཚོར་ནང་ཁྱིམ་ལྟ་བུའི་བདེ་སྐྱིད་ཀྱི་སྣང་བ་སྐྲུན།


      ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ནུས་ལྡན་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁོར་སྲུང་བའི་ལས་བསྒྲུབ་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་། སྒྲིག་བཀོད་སྒྲིག་ཆས་ཐད་སྔ་རྗེས་སུ་ཆུ་གཏོར་རླངས་འཁོར་དང་གཙང་སྦྲའི་རླངས་འཁོར་སོགས་སྒྲིག་བཀོད་སྒྲིག་ཆས་7ཁ་སྣོན་བྱས་ལ། དེ་དང་ཆབས་ཅིག་ཁོར་སྲུང་བའི་ཕན་ཁེ་འོས་འཚམ་ངང་ཇེ་མཐོར་བཏང་སྟེ། གད་སྙིགས་གཙང་འཕྱག་དང་འགྲོ་ལམ་གཙང་འཕྱག་སོགས་ལས་འགན་ལྕི་བའི་ཁོར་སྲུང་བར་ཆེད་དམིགས་ཀྱིས་གཟིགས་སྐྱོང་བྱས་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1