དཔལ་སྨད་ཀྱི་སྲན་སྔོན་ལ་དགའ་འོས་པའི་ཐོན་ལེགས་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-24


དཔལ་སྨད་ཀྱི་སྲན་སྔོན་ལ་དགའ་འོས་པའི་ཐོན་ལེགས་ཐོབ།

    དཔལ་སྨད་ཀྱི་སྲན་སྔོན་ལ་དགའ་འོས་པའི་ཐོན་ལེགས་ཐོབ་ནས་ཞིང་པ་ཚོས་བརྔ་བསྡུ་ལས་ལ་བྲེལ་བཞིན་པའི་རྣམ་པ་མངོན་བཞིན་ཡོད། རྟའུ་རྫོང་དཔལ་སྨད་གྲོང་རྡལ་ཆུ་བར་གྲོང་སྡེ་དང་པོའི་ཡུལ་མི་བསོད་ནམས་སྟོབས་ལྡན་གྱིས་རང་གིས་བརྔ་བསྡུ་བྱས་པའི་སྲན་སྔོན་རྒྱ་མ102ཡི་རིན་སྒོར་དེ་སྔོ་ཚལ་འདེབས་འཛུགས་བྱེད་མཁན་ཚོང་དཔོན་ཁེ་ཏེ་རུང་གི་ལག་ནས་བླངས་རྗེས། བྲེལ་བ་ཆེན་པོའི་ངང་ཡང་དུ་ཞིང་ནང་དུ་ཕྱི་ལོག་ནས་རེས་གསར་པའི་བརྔ་བསྡུ་ལས་ལ་བྲེལ་འགོ་འཛུགས་བཞིན་པ་རེད། སྔོན་དཔག་བྱས་ན་ཕྱི་ཉིན་སྔ་མོའི་ཞོགས་པར་ཚན་པ་འདིའི་སྲན་སྔོན་རྒྱ་མ་ཁྲི1.6དེ་ཁྲེང་ཏུའུ་ཡི་སྔོ་ཚལ་སྡེབ་འཚོང་བྱེད་སར་མཁོ་འདོན་བྱེད་ཐུབ་པར་མ་ཟད། རྒྱ་མ་གོང་ལ་རིན་གོང་སྒོར1.6བྱས་ཏེ་ཕྱི་འཚོང་བྱ་རྒྱུ་རེད།

    སྲན་སྔོན་ཐོན་ལེགས་ཡོང་བར་མཐོང་དུས་ཟུར་འགྲམ་གྱི་རླངས་འཁོར་དུ་སྲན་སྔོན་འཛེགས་རོགས་བྱེད་བཞིན་པའི་གྲོང་མི་འཇམ་ཚེའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རབ་ཏུ་ཁེངས་བཞིན་འདུག ད་ལྟར་བརྔ་བསྡུ་བྱེད་བཞིན་པའི་ས་ཞིང་མུའུ24དེ་ལོ་འགོར་འཇམ་ཚེས་མུའུ་རེར་སྒོར230རེ་བྱས་ཏེ་ཁོ་ཏེ་རུང་ལ་བོགས་གླ་བཏང་བ་རེད། གན་རྒྱ་དང་པོར་འཇོག་སྐབས་འཇམ་ཚེའི་ལག་ཏུ་བོགས་གླ་གཏོང་རིན་སྒོར་ཕྱེད་ཀ་དེ་འཕྲོད་ཡོད་པ་རེད། ཐེངས་འདིའི་བརྔ་བསྡུ་ལས་ཀ་གྲུབ་ཚར་རྗེས་ལྷག་མའི་བོགས་གླ་གཏོང་རིན་ཚུར་ལེན་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནི་ཡུལ་དེས་སྲན་སྔོན་འདེབས་འཛུགས་བྱེད་པའི་ལོ་དང་པོ་ཡིན། ཁོ་ཏེ་རུང་གིས་ཆུ་བར་གྲོང་སྡེའི་ཡུལ་མིའི་ལག་ནས་བོགས་གཡར་བྱས་པའི་ས་ཞིང་མུའུ700ཡི་ཁྲོད་ཏུ་ཐོན་སྐྱེད་བྱས་པའི་སྲན་སྔོན་དེ་དག་སྤྱི་ཟླ4པར་འདེབས་འཛུགས་བྱས་རྗེས་སྤྱི་ཟླ9པའི་ཟླ་སྟོད་ལ་བརྔ་བསྡུ་བྱས་ཏེ་ཚན་པ་གསུམ་ལ་བགོས་ནས་ཚོང་ཁྲོམ་དུ་འདོན་བཞིན་ཡོད། སྔོན་དཔག་བྱས་ན་མུའུ་རེར་ཐོན་ཚད་རྒྱ་མ500ཙམ་སླེབས་ཐུབ་པ་དང་། རྒྱ་མ་རེར་རིན་གོང་སྒོར1.6ལྟར་ཕྱིར་འཚོང་བྱས་ན་མུའུ་རེར་ཐོན་ཚད་སྒོར800ཡན་མན་རག་ཐུབ། གྲོང་མིས་སྲན་སྔོན་རྐྱང་པ་བཏོགས་ནས་ཉིན་རེར་ཆ་སྙོམས་སྒོར180ནས200ཡི་ཡོང་འབབ་རག་ཐུབ་པ་དང་རྒྱུན་མཐུད་ཟླ་བ་གཅིག་ཡན་མན་བསྡུ་ལེན་བྱེད་ཆོག་པ་རེད།

    སྨྱུག་འཛིན་པ་ཡུལ་དེ་ནས་ཕྱིར་ལོག་སྐབས། ཁོ་ཏེ་རུང་གིས་སྲན་སྔོན་འདེབས་འཛུགས་བྱེད་འཕྲོད་པའི་ཞིང་ས་འཚོལ་ཉུལ་བྱེད་བཞིན་འདུག ཁོས་སང་ལོར་སྲན་སྔོན་འདེབས་འཛུགས་བྱེད་ཁྱོན་རྒྱ་སྐྱེད་གཏང་རྒྱུ་ཡིན་པ་རེད།

    ཉེ་བའི་ལོ་ཤས་རིང་རྟའུ་རྫོང་གིས་ཞིང་ལས་འཕེལ་རྒྱས་གཏོང་ཚུལ་འགྱུར་ལྡོག་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཐོན་ལས་ཀྱི་ཆགས་ཚུལ་ཕྱོགས་བསྡུས་ལེགས་སྒྲིག་བྱེད་པ་དང་། ཁྱད་ཆོས་ལྡན་པའི་སྔོ་ཚལ་གྱི་ཐོན་ལས་དེ་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཡོང་བ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་གཏོང་བའི་ཐོན་ལས་དང་པོར་བརྩིས་ནས། དཔེ་སྟོན་ཁྲིད་སྟོན་བྱས་པར་བརྒྱུད་ནས་བློ་བརྟན་འགྱུར་མེད་ཀྱིས་སྔོ་ཚལ་ཐོན་ལས་རྒྱུན་མཐུད་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད། ད་ལོར་རྫོང་དེས་གླང་རྔ་དང་སྲན་སྔོན་སོགས་ཁྱད་ཆོས་ལྡན་པའི་སྔོ་ཚལ་མུའུ་ཁྲི་ཙམ་འདེབས་འཛུགས་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྔར་བས་འཕར་སྣོན་བཏང་ནས་དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་སྤོས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1