གཙོ་ངོས།>> སི་ཁྲོན་བོད་ཁུལ།>>མུ་ལི།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། ངེད་དྲ་བ། ཚེ་བརྟན་སྒྲོལ་མས་བསྒྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༥ཉིན།

མུ་ལི་རྫོང་གིས་3.23འཛམ་གླིང་གནམ་གཤིས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

     སྤྱི་ཟླ་3པའི་ཚེས་23ཉིན་ནི་ཐེངས་56པའི་འཛམ་གླིང་གནམ་གཤིས་ཉིན་མོ་ཡིན། མུ་ལུ་རྫོང་གིས་གནམ་གཤིས་ཅུས་སྣེ་ཁྲིད་སྡེ་ཁག་ཏུ་གོ་སྒྲིག་བྱས་ཏེ།  ད་ལོའི་བྱེད་སྒོའི་བརྗོད་བྱ་གཙོ་བོར་དམིགས་ནས་སྤྱི་ཟླ་3པའི་ཚེས་23ཉིན་གྱི་སྔ་དྲོར་དྲིལ་བསྒྲགས་བྱེད་སྒོ་སྤེལ། 
     བྱེད་སྒོའི་ཁྲོད། མང་ཚོགས་ལ་ཞིབ་ཚགས་སྒོས་བཟོས་པའི་མུ་ལུ་རྫོང་གི་2016ལོའི་གནམ་གཤིས་ལོ་ཐོ་དང་ཐོག་སྐྱོན་སྔོན་འགོག་དང་ཉེན་གཡོལ་ཤེས་བྱའི་ལག་དེབ།  གནམ་གཤིས་གནོན་འཚེའི་སྔོན་བརྡ་ཉེན་འགོག་ལག་དེབ། གནམ་གཤིས་ཉིན་མོའི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་ཉོ་བསྡུ་ཁུག་མ་སོགས་དྲིལ་བསྒྲགས་རྒྱུ་ཆ་ཁྱོན་བསྡོམས་ཐེངས་2000འགྲེམ་སྤེལ་བྱས་པ་དང་།  མང་ཚོགས་ཀྱི་བློ་འདྲི་20ལྷག་དང་ལེན་བྱས། རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ལས་རིམ་ཡོངས་ལ་རྗེས་འདེད་དྲིལ་བསྒྲགས་བྱས། དེ་མིན་གནམ་གཤིས་ཅུས་ཀྱི་འགན་ཁུར་བ་ལ་བཅའ་འདྲི་གནང་།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1