གཙོ་ངོས།>> སི་ཁྲོན་བོད་ཁུལ།>>མུ་ལི།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༥ཉིན།

མུ་ལི་ཡིས་བོད་ལུགས་ལོ་གསར་ལ་རོལ་བའི་སྐོར་བྲོ་འགྲན་བསྡུར་སྤེལ།

            ཉེ་ཆར། མུ་ལི་རྫོང་རིག་གནས་ཐང་ཆེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་སྟོན་གྱི་གྱོན་ཆས་གྱོན་པ་དང་། སྐོར་བྲོ་འགྲན་བསྡུར་གྱི་བྱེད་སྟངས་ལ་སྤྱད་དེ་ཐུན་མོང་ངང་ལོ་གསར་པ་བསུ་བཞིན་ཡོད། དེས་མུ་ལི་བོད་རིགས་ས་ཁུལ་གྱི་ཞི་མཐུན་བརྟན་བརླིང་གི་བདེ་སྐྱིད་འཚོ་བ་མཚོན་པ་རེད།

སྐབས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་མུ་ལི་བོད་རིགས་ས་ཁུལ་གྱི་ཞི་མཐུན་བརྟན་བརླིང་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པ་དང་། དུས་མཚུངས་སུ་བོད་རིགས་མི་དམངས་ཀྱི་བཀྲ་ཤིས་པའི་སྨོན་འདུན་བསགས་པ་དང་ཁྱིམ་ཚང་མཉམ་འཛོམས་བདེ་འཇགས། སྤྲོ་སེམས་ཁོལ་བའི་ངང་ལོ་གསར་ལ་རོལ་བའི་རྣམ་པ་ངང་ཚུལ་ཟབ་མོ་ལ་བརྟེན་ནས། དེ་ལས་ལྷག་པར་མུ་ལི་བོད་རིགས་ས་ཁུལ་གྱི་མི་རིགས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱེད་པ་དེ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1