གཙོ་ངོས།>> སི་ཁྲོན་བོད་ཁུལ།>>མུ་ལི།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།མུ་ལི་རྫོང་སྲིད་གཞུང་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༥ཉིན།

མུ་ལི་ནགས་ལས་ཅུས་ཀྱིས་སློབ་གསོའི་དབུལ་སྐྱོར་ལ་མཐོང་ཆེན་དང་སློབ་མ་དབུལ་པོར་ཐུགས་ཁུར་གནང་བ།

   ཉེ་ཆར། མུ་ལི་ནགས་ལས་ཅུས་ཀྱི་བརྟག་ཞིབ་ཚན་ཆུང་མུ་ལི་རྫོང་དུ་ཕེབས་ནས་པོ་ཁེ་ཤང་ལྟེ་བའི་སློབ་ཆུང་ལ་བརྟག་ཞིབ་གནང་། 
   བརྟག་ཞིབ་ཚན་ཆུང་གིས་སློབ་གྲྭའི་དཔེ་དེབ་ཁང་དང་། སློབ་མའི་ཉལ་ཁང་། ཟ་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་ཞིང་། སློབ་གྲྭའི་འགན་འཁུར་མི་སྣས་ཞང་བརྒྱའི་སློབ་གསོའི་དབུལ་སྐྱོར་ལས་དོན་སྤེལ་ཚུལ་དང་མིག་སྔར་ལྷག་ལུས་སུ་ཡོད་པའི་གནད་དོན་ལ་ནན་ཏན་ངང་གསན་པ་དང་། ཅུས་ཀྱི་དབུལ་སྐྱོར་ལས་དོན་གྱི་འབྲེལ་ཡོད་མི་སྣ་དང་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་དམ་ཟབ་བྱེད་པ། བསམ་བློ་གཅིག་གྱུར་བྱས་་ཏེ་སློབ་གསོའི་དབུལ་སྐྱོར་དེ་གྲོང་གསེབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་བྱེད་ཐབས་གཙོ་བོ་ཞིག་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། དེ་ནི་རྩ་བའི་ཐོག་ནས་མཐར་དབུལ་སེལ་དང་། ཀྲུང་གོའི་ཞིང་ལས་མི་ཤུགས་ཐོན་ཁུངས་གསར་སྤེལ་སྐུལ་འདེབས་བྱེད་པ། གྲོང་གསེབ་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྩ་བའི་རང་བཞིན་ལྡན་པའི་བྱེད་ཐབས་ཤིག་ཡིན། 
   བརྟག་ཞིབ་ཚན་ཆུང་གིས་ཅུས་ཡོངས་ཀྱི་ལས་བཟོ་བའི་ཚབ་བྱས་ཏེ་སློབ་གྲྭར་སྒོར་ཉིས་སྟོང་ལྷག་གི་ལུས་རྩལ་གྱི་ཡོ་བྱད་ཁག་ཅིག་ཞལ་འདེབས་སུ་ཕུལ་བ་དང་། དེ་མིན་སྤྱོད་ཡོན་གཉིས་ལེགས་ཀྱི་དབུལ་པོའི་སློབ་མ་ཞིག་ལ་སློབ་ཞུགས་རོགས་དངུལ་སྒོར་ལྔ་བརྒྱས་རོགས་སྐྱོར་བྱས།
    མུ་ལི་རྫོང་ནགས་ལས་ཅུས་ཀྱིས་མུ་མཐུད་དུ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་ནས། སློབ་གྲྭ་ཕྱོགས་ཡོངས་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐབས་ཇུས་དང་ནུས་པ་བཏོན།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1