མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་74པའི་སྤྱི་བཏང་རང་བཞིན་གྱི་རྩོད་གླེང་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-26


    ཟླ་9ཚེས་24ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་74པའི་སྤྱི་བཏང་རང་བཞིན་གྱི་རྩོད་གླེང་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་ཁྲིད། མཐོ་རིམ་འཐུས་མི་བཅས་མི་100ལྷག་ཙམ་གྱིས་མིའི་རིགས་ཐུན་མོང་ལ་འཕྲད་པའི་འཇིགས་སྐུལ་དང་འགྲན་སློང་ཚབས་ཆེན་གྱི་གནད་དོན་ལ་ཁ་གཏད་འཇལ་བའི་ཐབས་ཤེས་གྲོས་མོལ་བྱ་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཤིས་ཚིག་སྒྲོན་སྐབས་མདོར་བསྟན་པའི་ངང་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》“མི་གཙོ་བོར་འཛིན་པའི་”དགོངས་དོན་བཏོན་པ་དང་། མང་ཚོགས་ཀྱི་ཁེ་ཕན་དེ་ལས་དོན་ཚང་མའི་གཙོ་བོར་བཟུང་དགོས་ཤིང་། མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྨོན་དང་། སྐྱོ་སྣང་དང་རེ་སྒུག་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་འཇོག་དགོས་ཞེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1