ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 09-26



             རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་རྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་དགོས།
             ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ནི་ཏང་དང་རྒྱལ་ཁབ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད། དུས་རབས་གསར་པའི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པ་དང་། སློབ་གྲྭ་ནན་པོས་སྐྱོང་བ་དང་། སྤུས་ཚད་ལྡན་པའི་སྒོ་ནས་སློབ་གྲྭ་འཛུགས་པ་བཅས་མཐའ་འཁྱོངས་བྱེད་རྒྱུར་ཐུག་ཡོད།
             ཟླ་9ཚེས་24ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་བསྟར་གྱི་རྩ་གནད》དང《ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
             ཚོགས་འདུའི་ཐོག་བསྟན་དོན། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་རྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་བསྟར་གྱི་རྩ་གནད》བཟོས་ནས་བཀྲམ་པ་དེར་མི་དམངས་ཡོངས་ལ་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། 
             ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རྒྱལ་གཅེས་རིང་ལུགས་དེ་ཀྲུང་གོ་མི་དམངས་ཡོངས་ཀྱི་འགྱུར་མེད་ཀྱི་དད་སེམས་དང་། བསམ་པའི་སྟོབས་ཤུགས། རང་རྟོགས་ཀྱི་བྱ་སྤྱོད་བཅས་ལ་འགྱུར་བ་བྱེད་དགོས། དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པ་བྱས་ནས་མི་རྣམས་ལ་ཀྲུང་གོའི་ཕུགས་འདུན་གྱི་ངོ་བོ་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས་ཡོང་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་རྒྱུར་ཁྲིད་སྟོན་གྱིས་མི་དམངས་ཡོངས་ཀྱིས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སྤྲོ་སེམས་རབ་ཏུ་འཕེལ་བར་བྱས་ནས་དུས་རབས་གསར་པར་འབད་འབུངས་ཡར་བརྩོན་དང་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ། མི་དམངས་ཡོངས་དང་། རྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་དང་། ཡུན་རིང་། གསོན་ཉམས་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྩ་བ་བརྟན་པོ་ཚུགས་པར་བྱེད་དགོས། 
             ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ནི་ཏང་དང་རྒྱལ་ཁབ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད། དུས་རབས་གསར་པའི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པ་དང་། སློབ་གྲྭ་ནན་པོས་སྐྱོང་བ་དང་། སྤུས་ཚད་ལྡན་པའི་སྒོ་ནས་སློབ་གྲྭ་འཛུགས་པ་བཅས་མཐའ་འཁྱོངས་བྱེད་རྒྱུར་ཐུག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་སློབ་གསོའི་ལས་དོན་གཙོ་བོ་དང་སློབ་ཚན་གཙོ་བོའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་དེ་དམིགས་ཚད་གཙོ་བོར་བརྩིས་ནས་ལས་བྱེད་པ་གསོ་སྦྱོང་དང་། བསམ་བློའི་སྣེ་ཁྲིད། རིགས་པའི་གཞུང་ལུགས་འཛུགས་སྐྱོང་། ཐབས་ཇུས་བློ་འདྲི་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སློབ་མ་ཚོར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུའི་སློབ་གསོ་བཏང་སྟེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1