སྡེ་དགེ་ནས་མི་སྟོང་ཕྲག་གིས་སྤྲོ་སེམས་འཁོལ་བའི་ངང་《ང་དང་ང་ཡི་མེས་རྒྱལ》ཞེས་པའི་བོད་སྐད་ཀྱི་གླུ་གཞས་བཏང་སྟེ་“ང་རང་ཀྲུང་གོ་ལ་དགའ་བའི”བརྩེ་དུང་ཟབ་མོ་མཚོན་པར་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-27


འདི་ནི་གླུ་གཞས་མཉམ་ལེན་ཆེན་མོའི་བྱེད་སྒོ་སྤེལ་ཡུལ་ཡིན།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་24ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་མི་སྟོང་ཕྲག་ལྷག་གིས་གླུ་གཞས་མཉམ་ལེན་ཆེན་མོའི་བྱེད་སྒོ་སྤེལ་ཏེ་ས་གནས་དེ་གའི་མང་ཚོགས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྨོན་འདུན་བཟང་པོ་ཞུས་པ་དང་། ཚང་མས་སྤྲོ་སེམས་འཁོལ་བའི་ངང་《ང་དང་ང་ཡི་མེས་རྒྱལ་》ཞེས་པའི་བོད་སྐད་ཀྱི་གླུ་གཞས་བཏང་སྟེ་“ང་རང་ཀྲུང་གོ་ལ་དགའ་བའི”བརྩེ་དུང་ཟབ་མོ་མཚོན་པར་བྱས།
        སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུགས་དང་བཅས་ཏེ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་སྟོང་ཕྲག་ལྷག་གིས་ལུས་ལ་གཟབ་འཕྱོར་སྤྲས་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་འཕྱར་བཞིན་སྤྲོ་བའི་མགྲིན་པ་གཟེངས་སུ་བཏེགས་ཏེ་《ང་དང་ང་ཡི་མེས་རྒྱལ》ཞེས་པའི་གླུ་གཞས་མཉམ་ལེན་བྱས་པ་རེད། སྤྲོ་སེམས་འཁོལ་བའི་གླུ་སྐད་ཀྱིས་དེ་གར་ཡོད་པའི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཤིང་། ལ་ལས་དགའ་འབོད་ཆེན་པོ་བྱེད་པ་དང་ལ་ལས་དགའ་སྤྲོའི་མིག་ཆུ་འབྱིན་བཞིན་འདུག ཚང་མས་མཇུག་མཐར་མགྲིན་གཅིག་ཏུ་“ང་རང་མེས་རྒྱལ་ལ་དགའ། མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་”ཅེས་སྐད་གསང་མཐོན་པོས་འབོད་ཅིང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་སྨོན་འདུན་ཞུས།
        “ང་རང་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། བོད་སྐད་ཀྱིས་《ང་དང་ང་ཡི་མེས་རྒྱལ》ཞེས་པའི་གླུ་གཞས་དེ་བླངས་ནས་མིག་ཆུ་མཚམས་མི་ཆད་པར་བཞུར། མའོ་ཀྲུའུ་ཞི་དང་གུང་ཁྲན་ཏང་མེད་ན་ང་ཚོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ཡོད་མི་སྲིད། ངས་ཀྱང་ན་གཞོན་ཚོ་དང་འདྲ་བར་གླུ་གཞས་ལེན་བཞིན་མེས་རྒྱལ་ལ་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་ཀྲུང་གོ་གསར་པ་དང་ན་མཉམ་ཡིན་པའི་ལས་འཁྱུར་ངལ་གསོ་བ་འཇམ་སྒྲོན་ལགས་ཀྱིས་དེ་ལྟར་གསུངས།

འདི་ནི་གླུ་གཞས་མཉམ་ལེན་ཆེན་མོའི་བྱེད་སྒོ་སྤེལ་ཡུལ་ཡིན།
        “མེས་རྒྱལ་གྱི་དྲིན་ཚོར་བ་དང་དེ་རིང་གི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་པས་ང་ཚོའི་ལས་འཁྱུར་ངལ་གསོ་བ་རྣམས་ཧ་ཅང་དགའ་སྤྲོ་དང་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ”གླུ་གཞས་ཀྱིས་ཚིམས་པའི་སྐབས་སུ་བགྲེས་སོང་ཚེ་བརྟན་དར་རྒྱས་ལགས་སེམས་འགུལ་ཚད་མེད་ཐེབས་བཞིན་མིག་ཟུང་མཆི་མས་ཁེངས་ཤིང་། ཁོང་གི་སྐད་འགྲོས་སུ་གདེང་ཚོད་དང་སྤོབས་སེམས་ཀྱིས་ཁེངས་ཡོད།
        “ང་སྔོན་ཆད་མང་ཚོགས་དབུལ་པོ་ཞིག་ཡིན་པ་དང་ཕྱིས་སུ་གཟི་བརྗིད་ལྡན་པའི་ཏང་ནང་དུ་ཞུགས་པ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་སྐབས་ང་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོའི་མེས་རྒྱལ་སྔར་བས་སྟོབས་ཆེར་འགྲོ་རྒྱུའི་རེ་བ་ཡོད”ཅེས་སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་ལྔ་གཅིག་ཟམ་པའི་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་སྙིང་ཡག་ཕུན་ཚོགས་ཀྱིས་བྱེད་སྒོ་སྤེལ་བ་ཐོས་འཕྲལ་སྔ་ས་ནས་བཟའ་མི་གང་བོས་གཟབ་འཕྱོར་ལེགས་པར་སྤྲས་ཏེ་ཡུལ་དངོས་སུ་ཡོང་ནས་“ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁོངས་སུ་གཏོགས་པ་དང་། ཚང་མ་དགུང་སྔོན་གཅིག་གི་འོག་ནས་ཏང་གི་འགོ་ཁྲིད་འོག་ན་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། ང་ཕྱིར་སོང་ནས་《ང་དང་ང་ཡི་མེས་རྒྱལ་》ཞེས་པའི་གླུ་གཞས་འདི་སྡེ་མི་ཡོངས་ལ་ཁྲིད་རྒྱུ་ཡིན།”ཞེས་གསུངས།

འདི་ནི་ཚང་མས་འཚང་ཁ་ཤིག་ཤིག་ངང་སྦྱར་ཡིག་ཐོག་མེས་རྒྱལ་ལ་སྨོན་འདུན་ཞུ་བའི་ཤིས་ཚིག་འབྲི་བཞིན་པ་ཡིན།
        གླུ་གཞས་མཉམ་ལེན་ཆེན་མོ་མཇུག་འགྲིལ་རྗེས་ཚང་མ་འཚང་ཁ་ཤིག་ཤིག་ངང་“འོད་སྟོང་འབར་བའི་ལོ་ངོ་70ཡིན། འབད་འཐབ་བྱེད་པའི་དུས་སྐབས་གསར་པ་ཡིན”ཞེས་པའི་སྦྱར་ཡིག་གི་མདུན་དུ་ཡོང་ནས་མེས་རྒྱལ་ལ་སྨོན་འདུན་ཞུ་བའི་ཤིས་ཚིག་བྲིས་ཏེ་གངས་ལྗོངས་ས་མཐོའི་བུ་ཕྲུག་གི་རྒྱལ་གཅེས་བརྩེ་སེམས་རྣལ་མ་བཀོད་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1