གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༧ཉིན།

ཝང་དབྱང་གིས་འགོ་མཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས།


ཟླ9བའི་ཚེས25ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གྲོས་ཚོགས་ཐེངས་ཉེར་བདུན་པ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་།
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གྲོས་ཚོགས་ཐེངས་ཉེར་བདུན་པ་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་།
        ཀྲུའུ་ཞི་གྲོས་ཚོགས་ཀྱི་ཁོངས་མིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་བརྗེ་རེས་གྲོས་སྡུར་བྱས། ཚང་མས། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ནི། ཐོག་མའི་བསམ་འདུན་མི་བརྗེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ། ངོ་བོ་གཏན་ཁེལ་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པའི་ཚོགས་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བར་མཛུབ་སྟོན་བྱེད་པའི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ལ། མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པར་ཁ་ཕྱོགས་བསྟན་པ་དང་། གཞི་འཛིན་ས་འདོན་སྤྲོད་བྱས། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་པ་དང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ལས་འགན་སེམས་སུ་བརྟན་པོར་བཟུང་ནས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བའི་སྟེང་མི་དམངས་སྲིད་གྲོས་ལས་དོན་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།
        ཝང་དབྱང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ནི་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་སྟེང་གི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། དོན་སྙིང་ཆེན་པོ་ལྡན། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་དགོས། རྒྱལ་ཡོངས་སྲིད་གྲོས་སློབ་སྦྱོང་དང་ལག་བསྟར་བྱ་འགུལ་ཁྲོད་མདུན་གྲས་སུ་བསྐྱོད་པ་དང་། མིག་དཔེ་བྱེད་དགོས། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་ཆོས་ཉིད་འཚོལ་ཞིབ་བྱེད་པ། འཕེལ་རྒྱས་གསར་གཏོད་དང་ཕན་འབྲས་བརྩོན་ལེན་བྱེད་དགོས་ཟེར།
        ཚོགས་ཐོག་ཏུ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། གྲོས་ཚོགས་ཐེངས་དགུ་བ་ཟླ་བཅུ་གཅིག་པའི་ཟླ་སྟོད་དུ་པེ་ཅིན་ནས་འཚོག་རྒྱུ་ཐག་བཅད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1