གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༩ཉིན།

འཆི་མེད་རྡོ་རྗེ་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་བྱ་དགའ་ཐོབ།


    ཁམས་ཀྱི་ཕོ་རྒོད་འདི་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་བྱ་དགའ་ཐོབ།

     སྤྱི་ཟླ9པའི་ཚེས27ཉིན་གྱི་སྔ་དྲོར།  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་དུ་འཚོགས་ཤིང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།  ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་།  ཝང་དབྱང་དང་།  ཝང་ཧུའུ་ཉིང་།  ཀྲའོ་ལེ་ཅི།  ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས།

        ཚོགས་ཆེན་ཐོག་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚོགས་པ་དང་དཔེ་བཟང་མི་སྒེར་བཅས་ལ་གཟེངས་བསྟོད་གནང་བ་དང་།  དེ་ལས་དཔེ་བཟང་ཚོགས་པ་665དང་།  དཔེ་བཟང་མི་སྒེར་812ལ་གཟེངས་བསྟོད་གནང་བ་རེད།  སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཚོགས་པ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།

ཁམས་ཀྱི་ཕོ་རྒོད་འདི་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་བྱ་དགའ་ཐོབ།

        ཀྲུང་གོ་སྦྲག་སྲིད་ཚོགས་པ་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཡན་ལག་སྤྱི་གཉེར་ཁང་གི་ཐག་རིང་སྦྲག་སྐྱེལ་གྱི་རླངས་འཁོར་གྱི་ཁ་ལོ་པ་འཆི་མེད་རྡོ་རྗེ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་འཆི་མེད་རྡོ་རྗེ་ལ་བྱ་དགའ་གནང་བ་རེད།

ཁམས་ཀྱི་ཕོ་རྒོད་འདི་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་བྱ་དགའ་ཐོབ།

ཁམས་ཀྱི་ཕོ་རྒོད་འདི་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་བྱ་དགའ་ཐོབ།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་འཆི་མེད་རྡོ་རྗེ་ལ་བྱ་དགའ་གནང་རྗེས།  འཆི་མེད་རྡོ་རྗེའི་ངོ་ལ་འཛུམ་གྱིས་ཁེངས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཡིས་ངའི་ལག་ལ་འཇུས་ནས།  བྱམས་བརྩེའི་ངང་ང་ལ་ལུས་པོ་ལ་བདག་ཡག་པོ་བྱོས་གསུངས་བྱུང་།  ང་རང་སྤྲོ་བས་ཁེངས་ནས་ཅི་ཞུ་དགོས་ཀྱང་མ་ཤེས་ལ།  སྤྱི་ཁྱབ་ཧྲུའུ་ཅི་ལ་ང་དང་བོད་རིགས་མི་དམངས་ལ་ཐུགས་ཁུར་ཚད་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་ལབས་བྱུང་།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1