དུས་རབས་གསར་བར་མྱུར་དུ་བསྐྱོད། འབྱོར་བ་རྒྱས་པའི་ལེའུ་གསར་བ་འབྲི།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-29



        གསར་འགོད་པས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྔ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་སྟེ།རང་ཁུལ་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་1952ལོའི་སྒོར་དུང་ཕྱུར་0.24ནས་2018ལོའི་སྒོར་དུང་ཕྱུར་306.67བར་འཕར་བ་དང་དེ་ནི་1952ལོའི་ལྡབ་1277ཡིན་པ་རེད།1989ལོའི་བར་སྒོར་དུང་ཕྱུར་10ཟིན་པར་ལོ་37གྱི་དུས་ཚོད་སྤྱད་པ་དང་། 2007ལོའི་བར་སྒོར་དུང་ཕྱུར་100ཟིན་པར་ལོ་18ཀྱི་དུས་ཚོད་སྤྱད་པ་དང་། 2012ལོར་སྒོར་དུང་ཕྱུར་200ཟིན་པ་དང་དེ་ཟིན་པར་ལོ་5སྤྱད་པདང་། 2018ལོར་སྒོར་དུང་ཕྱུར་300ཟིན་པ་དང་དེ་ཟིན་པར་ལོ་6སྤྱད་པ་རེད། 

ཝུན་འབར་མྱུར་བགྲོད་གཞུང་ལམ།
        1949ལོ་ནས་བཟུང་དཔལ་འབྱོར་ཐད་དཀའ་ངལ་ཧ་ཅང་ཆེ་བའི་གནས་ཚུལ་འོག་རྒྱལ་ཁབ་ཀྱིས་མི་ཤུགས་དང་རྒྱུ་ཤུགས་འབོར་ཆེན་བཏང་ནས། ལོ་དེར་རིང་ཚད་ལ་སྤྱི་ལེ་506ཡོད་པའི་རང་ཁུལ་ཀྱི་གཞུང་ལམ་དང་པོ་དེ་ཁྲེང་ཨ་གཞུང་ལམ་དུ་བསྐྲུན་ནས་རྔ་བ་མི་དམངས་ཀྱིས་འགྲིམ་འགྲུལ་ཡོ་བྱེད་དུ་སེམས་ཅན་ཁོ་ནར་སྡྱོད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། 2018ལོའི་ལོ་མཇུག་བར་རང་ཁུལ་ལ་དམངས་སྤྱོད་གནམ་ཐང་2ཡོད་པ་དང་། ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་1དང་། མྱུར་བགྲོད་གཞུང་ལམ་2ཡོད་དེ། དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དང་མན་ཅིའུ་བར་མྱུར་བགྲོད་གཞུང་ལམ་ཡོད། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཁྲི་1.35ཡོད་པ་བཅས་རེད། 
        ལོ་70ཡི་རིང་། ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན། མི་དམངས་ཀྱི་འཚོ་བ་མགྱོགས་མྱུར་ངང་ཇེ་ལེགས་སུ་ཕྱིན་པ་དང་། གྲོང་མིའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་དང་། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2018ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་ཆ་སྙོམས་ཕོགས་གླ་སྒོར་85395ཟིན་པ་དང་དེ་1952ལོའི་ལྡབ་152ཡིན་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1960ལོའི་སྒོར་72ནས་2018ལོའི་སྒོར་12893བར་འཕར་བ་དང་དེ་ནི་1960ལོའི་ལྡབ་179ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་36.97ཡོད་པ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་42.1ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཐེམ་དུད་བརྒྱ་རེར་ཁྱིམ་སྤྱོད་རླངས་འཁོར་39དང་ཁྱིམ་ཚང་རྩིས་འཁོར་62ཡོད། གྲོང་གསེབ་ཀྱི་གྲོང་མི་དུད་ཚང་བརྒྱ་རེར་ཁྱིམ་སྤྱོད་རླངས་འཁོར་35དང་། སྦག་སྦག་འཁོར་55ཚོན་ལྡན་བརྙན་འཕྲིན་99འཁྱགས་སྒམ་70རྩིས་འཁོར་10བཅས་ཡོད། 

ཟུང་ཆུ་སློབ་འབྲིང་གི་སློབ་ཁྲིད་ཐོག་ཁང་།
        དབུལ་བྲལ་གནད་སྒྲོལ་གྱི་དམག་འཐབ་དྲག་པོ་ལ་རྒྱལ་ཁ་ལོན་ཆེད། རང་ཁུལ་གྱིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་དམ་པོར་དམིགས་ནས། ཀྲུང་དབྱང་དང་ཞིང་ཨུ་ཡི་དབུལ་བྲལ་གནད་་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་ཏུ་བསྟར་བས་འབྲས་བུ་དོན་དུ་སྨིན། 2018ལོའི་ལོ་མཇུག་བར་ཆུ་བེད་ལས་གྲྭ་ཁག་7195བསྐྲུན་ཟིན་པ་དང་། ངལ་ནུས་དབུལ་བོ་ཁྲི་1ལྷག་ཙམ་གསོ་སྦྱོང་བྱས་པ་དང་དབུལ་བོ་8000ལྷག་ཙམ་གསོ་སྦྱོང་བྱས་རྗེས་ལས་ཞུགས་ཐུབ་པ་བྱུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་བོ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ་དང་། ནད་པ་དབུལ་པོ་རྫོང་ཁོངས་ནང་སྨན་ཁང་དུ་སྡོད་པ་དང་དམིགས་བསལ་སྒོ་བསྟེན་སྨན་བཅོས་རྒྱུན་འཁྱོངས་འགྲོ་གྲོན་མི་སྒེར་གྱིས་སྤྲོད་པའི་ཆ་ཤས་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ། འཕྲོད་བསྟེན་དབུལ་སྐྱོར་རོགས་སྐྱོབ་མ་དངུལ་སྡོམ་རྩིས་བྱས་ན་མི་ཁྲི་3.68ལ་རོགས་སྐྱོབ་བྱས། དུས་མཚམས་མི་འདྲ་བའི་སློབ་མ་དང་ལྷག་པར་དུ་སློབ་མ་དབུལ་པོའི་དོན་དངོས་ལ་དམིགས་ཏེ་སྔོན་འགྲོའི་སློབ་གསོ་ལ་རྩ་ཆག་གཅིག་དང་ཁ་གསབ་གཅིག་ལག་བསྟར་བྱས་པ་དང་། འོས་འགན་སློབ་གསོར་རྩ་ཆག་གསུམ་དང་ཁ་གསབ་གཉིས། མཐོ་རིམ་སློབ་འབྲིང་སློབ་གསོར་རྩ་ཆག་གཉིས་དང་རོགས་རམ་གཅིག་སོགས་དམངས་འཚོའི་ལས་གཞི་སྔ་རྗེས་སུ་ལག་ལེན་བསྟར་ནས་རྫོང་(གྲོང་ཁྱེར)ཁག་ཚང་མར་སློབ་གསོའི་དབུལ་སྐྱོར་རོགས་སྐྱོབ་མ་དངུལ་སྒོར་ཁྲི་300ནས་500བར་བཏང་ཡོད་པ་རེད། མིག་སྔའི་བར། ཁུལ་ཡོངས་ནས་དབུལ་པོ་ཁྱོན་ཁྲི་9.9དང་གྲོང་ཚོ་དབུལ་པོ་573ཉུང་དུ་ཕྱིན་པ་དང་།རྫོང་(གྲོང་ཁྱེར)10བདེ་བླག་ངང་དབུལ་སྒྲོལ་ཐུབ་པས།ཁུལ་ཡོངས་ཀྱི་དབུལ་པོ་ཆགས་ཚད་0.7%རུ་མར་ཆག་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1