2014ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ཧྲང་ཧའེ་ནས་འཚོག་འགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-27


སྤྱི་ཚེས་25ཉིན་2014ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ཧྲང་ཧའེ་ནས་འཚོག་འགོ་བརྩམས་ཤིང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་རྟེན་འབྲེལ་ཞུ་ཚིག་ཕུལ་ཡོད། 

ཞི་ཅིན་ཕིང་གིས། རྟེན་འབྲེལ་ཞུ་ཡིག་ནང་བསྟན་དོན། ཐོག་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བཞིན་ཡོད། གླེང་སྟེགས་ལ་ཕེབས་པའི་ཨུ་རུ་སུའི་སྐུ་ཚབ་ཚོགས་པ་དང་འཛམ་གླིང་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་གདན་ཞུའི་སྐུ་མགྲོན་རྣམ་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས་པ་ཡིན་ཞེས་དང་། ཁོང་གིས། ཚན་རྩལ་གྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པ་དང་། གསར་གཏོད་ཀྱིས་འཛམ་གླིང་བཅོས་བསྒྱུར་གཏོང་དགོས། དེང་སང་གི་འཛམ་གླིང་ཐོག གསར་དར་གྱི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེ་ནི་གཅིག་མཇུག་གཉིས་མཐུད་དུ་ཡོང་གི་ཡོད་ལ། ཚན་རིག་ལག་རྩལ་དེ་སྔར་ལས་ཀྱང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གཙོ་བོར་འགྱུར་བཞིན་ཡོད། ཀྲུང་གོ་ཡིས་གསར་གཏོད་ཀྱིས་འཕེལ་རྒྱས་འཐབ་ཇུས་ལ་སྣེ་ཁྲིད་བྱེད་པ་ལག་ལེན་བྱེད་བཞིན་ཡོད་ལ། ཚན་རྩལ་གསར་གཏོད་སྲོག་ཤིང་བྱས་ཏེ་ཕྱོགས་ཡོངས་གསར་གཏོད་ལ་སྐུལ་འདེད་གཏོང་གི་ཡོད། ང་ཚོས་ཕྱོགས་སོ་སོ་ནས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབབ་བརྩོན་ཆེན་པོས་གོ་ལ་ཡོངས་ཀྱི་དྲ་རྒྱའི་གསར་གཏོད་ལ་མཉམ་ཞུགས་བྱེད་པ་དང་། དུས་མཚུངས་སུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་མིའི་རིགས་ཀྱི་མདུན་དུ་ལྷག་པའི་གནད་དོན་ལ་གདོང་ལེན་བྱས་ཏེ། རྒྱལ་ཁབ་ཚང་མ་མཉམ་དུ་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱ་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1