ས་བརྟན་མཐའ་སྲུང་སྐོར་གྱི་ཡུལ་སྨད་ཀྱི་གཏམ་རྒྱུད་བརྗོད་གཞིར་བྱས་པའི་གློག་བརྙན《ང་ཡི་རི་བོ་ཧི་མ་ལ་ཡ》ཐོག་མར་བསྟན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 10-08


 བོད་ཀྱི་བརྗོད་གཞིའི་གློག་བརྙན《ང་ཡི་རི་བོ་ཧི་མ་ལ་ཡ》ཞེས་པ་ཟླ་10ཚེས་6ཉིན་CCTV6གི་གློག་བརྙན་འཕྲིན་ལམ་ཐོག་ཐོག་མར་བསྟན་པ་དང་འབྲེལ། ཨའེ་ཆི་དབྱི་དང་1905གློག་བརྙན་དྲ་བའི་ཐོག་དུས་མཉམ་དུ་བསྟན་པ་རེད། གློག་བརྙན་དེས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སངས་རྒྱས་ཆོས་དཔའ་དང་། ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས་དུས་ཡུན་ལོ་བཅུ་ཕྲག་ཁ་ཤས་ཀྱི་དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་། ཡུལ་སྨད་ཤང་དུ་མཐའ་སྲུང་རྒྱལ་སྲུང་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མངོན་པར་བྱས་ཡོད།


ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་གནས་ཤིང་། 1990ལོའི་གོང་ཡུལ་སྨད་དུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་ཕ་སངས་རྒྱས་ཆོས་དཔའ་བཅས་གྲོང་མི་གསུམ་ལས་མེད། ཁོང་གསུམ་པོས་ས་ཆག་དེ་གར་ཡུན་རིང་བརྟན་སྲུང་གིས་མཐའ་མཚམས་སྲུང་བའི་ལས་ལ་གཞོལ། 2018ལོའི་ཟླ་3པར་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་2017ལོའི་ལོ་འཁོར་གྱི་མི་སེམས་འགུལ་བའི་ཀྲུང་གོ་བར་བདམས་ཐོན་བྱུང་བ་དང་། ཟླ་10པར་ཀྲུང་དབྱང་དྲིལ་བསྒྲགས་པུས“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་ཡང་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1