གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༠༨ཉིན།

རྒྱལ་སྟོན་ཚོན་འཁོར་དུ་ཞུགས་པའི་ཁམས་ཀྱི་ཕོ་རྒོད།

 སྤྱི་ཟླ10པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་རྗེས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་མང་ཚོགས་ཁྲོམ་སྐོར་འགོ་ཚུགས་ཤིང་། དཀར་མཛེས་ཁུལ་ནས་ཡོང་བའི་སྦྲག་སྲིད་དོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་འཆི་མེད་རྡོ་རྗེས་བོད་རང་ཉིད་ཀྱི་སྲོལ་རྒྱུན་རྒྱན་གོས་ཀྱི་ཁྱད་ཆོས་མ་ཡལ་བའི་བོད་གོས་གཙང་དག་གྱོན་ནས་མི་སེམས་གཅིག་སྒྲིལ་གྱི་རུ་བསྟར་གྱི་ཚོན་འཁོར་དུ་བསྡད་ཡོད་པ་རེད། 


རྒྱལ་སྟོན་ཚོན་འཁོར་དུ་ཞུགས་པའི་ཁམས་ཀྱི་ཕོ་རྒོད།

འདི་ནི་མ་ཡུམ་མེས་རྒྱལ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་ཆེད་བཟོས་པའི་བོད་ཆས་རེད། རྒྱལ་སྟོན་དུས་ཆེན་སླེབས་ཉེ་ཡོད་པའི་སྐབས་སུ་འཆི་མེད་རྡོ་རྗེས་ཁ་པར་ཐོག་ནས་གསར་འགོད་པར་བཤད་དོན། གཞི་རིམ་གྱི་ལས་བཟོ་དཀྱུས་མ་ཞིག་ཡིན་པའི་ངོས་ནས་རྒྱལ་སྟོན་གྱི་མང་ཚོགས་ཁྲོམ་སྐོར་ནང་ཞུགས་ཐུབ་པ་འདི་ནི་སྔོན་ཆད་རྨི་ལམ་ནང་དུ་ཡང་རྨིས་མི་སྲིད་པ་ཞིག་རེད།


རྒྱལ་སྟོན་ཚོན་འཁོར་དུ་ཞུགས་པའི་ཁམས་ཀྱི་ཕོ་རྒོད།

འཆི་མེད་རྡོ་རྗེ་ནི་ཀྲུང་གོའི་སྦྲག་སྲིད་ཚོགས་པ་སྤྱི་གཉེར་ཁང་གི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཡན་ལག་སྤྱི་གཉེར་ཁང་གི་སྦྲག་སྐྱེལ་རླངས་འཁོར་ཚོ་ཆུང་གི་ཚོགས་གཙོ་ཡིན་ཞིང་། སྤྱི་ལོ1989ལོ་ནས་བཟུང་དར་མདོ་ནས་སྡེ་དགེའི་བར་གྱི་རྒྱང་ཐག་རིང་བའི་སྦྲག་སྐྱེལ་རླངས་འཁོར་གཏོང་བའི་ལས་ཀར་བསྒྲུབས་པ་དང་། སྦྲག་ལམ་དེ་ནི་དཀར་མཛེས་ཁུལ་གྱི་དར་མདོ་ནས་བཞུད་འགོ་ཚུགས་ཏེ། མི་ཉག་རྒྱུ་ལ་ཁྲ་མོ་དང་ཤར་དམུ་རྗེ་ཉག་ག    སྡེ་དགེ་ཁྲོ་ལ་སོགས་བརྒྱུད་མཐར་གཞི་ནས་སྡེ་དགེ་རྫོང་དུ་སླེབས་ཤིང་། ཆ་སྙོམས་མཚོ་འཕགས་སྨི3500ལ་ཟིན་པ་དང་། སྦྲག་སྐྱེལ་གྱི་ལམ་ཐག་སྤྱི་ལེ1208ཡོད་པ་རེད། 


འཆི་མེད་རྡོ་རྗེ།


རྒྱལ་སྟོན་ཚོན་འཁོར་དུ་ཞུགས་པའི་ཁམས་ཀྱི་ཕོ་རྒོད།


2016ལོའི་སྤྱི་ཟླ5པར།འཆི་མེད་རྡོ་རྗེ་ལ་དར་མདོ་ནས་སྡེ་དགེར་སྐྱོད་པའི་སྦྲག་ལམ་རླངས་འཁོར་རུ་ཁག་གི་ཚབ་བྱས་ནས་ཀྲུང་གོའི་འགྲིམ་འགྲུལ་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི"ཀྲུང་གོའི་སྐྱེལ་འདྲེན་གཙོ་འཛིན་གྱི་སྤུས་རྟགས"ཀྱི་བྱ་དགའ་ཐོབ་པ་རེད། 

2017ལོའི་སྤྱི་ཟླ4པར། འཆི་མེད་རྡོ་རྗེར2016ལོའི་ལོ་འཁོར་གྱི"ཡིད་འགུལ་ཐེབས་པའི་འགྲིམ་འགྲུལ་གྱི་ལོ་འཁོར་མི་སྣ་ཆེན་པོ་བཅུ"ཡི་བྱ་དགའ་ཐོབ་པ་རེད།

ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྤྱི་ཚོགས་ཐོག་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པས་  2019ལོའི་སྤྱི་ཟླ་དང་པོའི་ཚེས25ཉིན་ཁོ་ལ་དུས་རབས་ཀྱི་དཔེ་བཟང་གི་མཚན་སྙན་ཐོབ་པ་རེད།

2019ལོའི་སྤྱི་ཟླ2པའི་ཚེས18ཉིན།  འཆི་མེད་རྡོ་རྗེར"ཡིད་འགུལ་ཐེབས་པའི་ཀྲུང་གོའི2018ལོའི་ལོ་འཁོར་གྱི་མི་སྣ་ཆེ་གྲས་བཅུ"ཡི་མཚན་སྙན་ཐོབ་པ་རེད། 

2019ལོའི་སྤྱི་ཟླ5པར།འཆི་མེད་རྡོ་རྗེར"རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས"གསལ་བསྒྲགས་ཀྱི་མིང་ཐོའི་གཟི་བརྗིད་བྱ་དགའ་ཐོབ་པ་རེད།

2019ལོའི་སྤྱི་ཟླ9པའི་ཚེས27ཉིན། འཆི་མེད་རྡོ་རྗེར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་འཆི་མེད་རྡོ་རྗེ་ལ་བྱ་དགའ་གནང་བ་རེད།།


རྒྱལ་སྟོན་ཚོན་འཁོར་དུ་ཞུགས་པའི་ཁམས་ཀྱི་ཕོ་རྒོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1