གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༠ཚེས་༢༧ཉིན།

ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་སྔར་བཞིན་ལྗིད་མོ་འདུག་ཅེས་གསུངས།

            སྤྱི་ཟླ་10པའི་ཚེས་14ཉིན་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ནུས་ལྡན་དུ་གྱུར་བ་དང་མཉམ་འབྲེལ་རྒྱལ་ཚོགས་དངོས་སུ་བཙུགས་ནས་ལོ་ངོ་69འགོར་བའི་རྗེས་དྲན་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་དོན་དེའི་ཐད་ནས་གསུང་བཤད་གནང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་སྔར་བཞིན་ལྗིད་མོ་ཡིན་པ་དང་། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས།

ཕན་ཅི་ཝུན་གྱིས་ཞུ་ཚིག་འབུལ་སྐབས་གསུང་རྒྱུར། དེང་སྐབས་འཛམ་གླིང་ལ་ཉམས་ཉེན་སྔར་བཞིན་མང་བས་མཉམ་འབྲེལ་རྒྱལ་ཚོགས་སྔར་ལས་དགོས་གལ་ཆེ། དབུལ་ཕོངས་དང་རིམས་ནད། འཇིགས་སྐུལ་རིང་ལུགས། ནམ་ཟླའི་འགྱུར་ལྡོག་བཅས་ཀྱིས་ང་ཚོར་འགྲོ་སོང་ཆེན་པོ་གཏོང་དུ་བཅུག གཏའ་མ་བཞག་པའི་ངལ་རྩོལ་དང་མི་སྣ་ལྐོག་འཚོང་། ལོག་གཡེམ། བཟོ་གྲྭ། ཞིང་ས། གཏེར་རི་བཅས་ཀྱི་བདེ་འཇགས་མིན་པའི་ཁོར་ཡུག་གིས་མི་སྔར་ལས་མང་བོར་མུ་མཐུད་དུ་བཤུ་གཞོག་ཐེབས་པར་བྱས་ཡོད་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་སྔར་བཞིན་འདྲ་མཉམ་མིན་པའི་འགྲན་རྩོད་གནས་ཡོད་ཅེས་གསུངས།

ཁོས་གིས་ཡང་གསུང་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བཙུགས་པ་དེས་འཛམ་གླིང་མི་དམངས་ལ་མིའི་རིགས་ཀྱི་ལ་རྒྱར་བརྙས་དམོད་བྱེད་མཚམས་འཇོག་པ་དང་། ཚང་མར་སྔར་ལས་མཛེས་པའི་མ་འོངས་པ་ཞིག་བསྐྲུན་པ་ཁས་ལེན་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཀའ་སྡུག་མང་བོ་མྱངས་ཡོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རེ་འདུན་མངོན་འགྱུར་བྱེད་པའི་ཐད་སྔར་བཞིན་ལས་འགན་ཧ་ཅང་ལྗིད་ཅེས་གསུངས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1