ལིའུ་ཁྲེང་མིང་གིས་རྒྱལ་སྟོན་དུས་ཆེན་སྐབས་སུ་དར་མདོའི་འགྲིམ་འགྲུལ་བདེ་བགྲོད་ཡོང་བར་འགན་ལེན་བྱེད་བཞིན་པའི་ལས་རེས་མི་སྣར་འཚམས་འདྲི་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ་། སྤེལ་དུས། 10-09


ལིའུ་ཁྲེང་མིང་གིས་རྒྱལ་སྟོན་དུས་ཆེན་སྐབས་སུ་དར་མདོའི་འགྲིམ་འགྲུལ་བདེ་བགྲོད་ཡོང་བར་འགན་ལེན་བྱེད་བཞིན་པའི་ལས་རེས་མི་སྣར་འཚམས་འདྲི་ཞུས།

སྤྱི་ཟླ10པའི་ཚེས3ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྔ་ཕྱིར་ཁུལ་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་དང་། ཉི་ཁུགས་ཟམ་པ་དང་གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་དར་མདོར་བབས་ཚུགས་བཅས་ལ་ཕྱིན་ནས་རྒྱལ་སྟོན་དུས་ཆེན་ནང་ལས་རྐང་བརྟན་སྲུང་བྱེད་བཞིན་པའི་ལས་གནས་དང་པོར་ཡོད་པའི་འགྲིམ་འགྲུལ་ཉེན་རྟོག་པ་དང་རམ་འདེགས་བྱེད་མཁན་ཉེན་རྟོག་པ། ཁ་ཏ་བསླབ་བྱ་བེྱེད་མཁན་མི་སྣ་བཅས་ལ་འཚམས་འདྲི་གནང་ཞིང་ཁོ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲན་སོགས་ཀྱི་ལིའུ་ཁྲེང་མིང་དང་ལྷན་དུ་འཚམས་འདྲིར་ཞུགས་པ་རེད།

ལིའུ་ཁྲེང་མིང་གིས་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་ནས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ལས་རེས་སོགས་བཀོད་སྒྲིག་བྱས་ཚུལ་དང་ཁོངས་ནང་གི་གཞུང་ལམ་འགྲིམ་འགྲུལ་གནས་བབ་སྙན་སེང་ཞུས་པར་གསན་འཇོག་གནང་རྗེས་འགྲུལ་ལམ་འཚང་ཁ་ཆེ་སར་ཕྱིན་ནས་ལམ་སེལ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི། ལས་ཀའི་བླང་བྱ་བཅས་བཏོན་པ་རེད།

ལིའུ་ཁྲེང་མིང་གིས་རྒྱལ་སྟོན་གུང་གསེང་ནང་ཚང་མས་ད་དུང་ལས་གནས་བརྟན་སྲུང་བྱས་ནས་གཞུང་ལམ་བདེ་བགྲོད་ཐུབ་པར་འཚོ་སྲུང་ཡང་དག་པ་བྱེད་ཡོད་པ་དང་རང་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་བྱས་རྗེས་དགེ་མཚན་ལྡན་པ་ཞིག་འབུལ་ཡོད། འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་ཉེན་རྟོག་པ་ཚང་མས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ཞིང་འགན་འཁྲི་ནན་སྒྲུབ་བྱེད་པ་དང་ཞིབ་གཅོད་དང་བཀོད་སྒྲིག་སྔ་ཙམ་བྱེད་པ། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ། བཀོད་འདོམས་ཡང་དག་པ་བྱེད་པ་བཅས་བྱས་ནས་འགྲིམ་འགྲུལ་གཞུང་ལམ་ཉེན་མེད་བདེ་བགྲོད་ཐུབ་པར་ནུས་ཤུགས་ཡོད་རྒུ་བརྒྱབ་ཅིང་། ཡུལ་སྐོར་ཡོང་མཁན་འགྲུལ་པར་དུས་ཐོག་ཏུ་དཀའ་ངལ་སེལ་གང་ཐུབ་བྱས་ནས་རྒྱལ་སྟོན་གུང་གསེང་ནང་འགྲིམ་འགྲུལ་བདེ་བགྲོད་ཐུབ་པའི་ལས་འགན་ལེགས་འགྲུབ་བྱ་དགོས་པའི་ཐུགས་རེ་གནང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1