ཕྱི་འབྲེལ་པུས་NBAདོན་རྐྱེན་སྐོར་གླེང་བ། ཀྲུང་གོ་ཕྱོགས་དང་སྤེལ་རེས་དང་མཉམ་ལས་བྱས་རུང་ཀྲུང་གོའི་ མི་དམངས་ཀྱི་འདོད་བློ་མི་ཤེས་ན་འགྲུབ་ཐབས་བྲལ་ཞེས་བརྗོད།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ་། སྤེལ་དུས། 10-09


     ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་མི་རིང་བའི་གོང་ཨ་རིའི་ཤིའུ་སི་ཏུན་མེ་ཤུགས་འཕུར་མདའ་ཚོགས་པའི་སྤྱི་ཁྱབ་འགན་གཉེར་པའི་ཤང་ཀང་དང་འབྲེལ་བ་ཡོད་པའི་ནོར་འཁྲུལ་གྱི་གཏམ་བརྗོད་དང་དེ་བཞིན་དེ་རྗེས་NBAསྤྱི་དཔོན་གྱི་འབྲེལ་ཡོད་གཏམ་བརྗོད་ལ་ལན་བརྒྱབ་པ་རེད། 
     ཀེང་ཧྲོང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཤིའུ་སི་ཏུན་དུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གིས་ཤིའུ་སི་ཏུན་མེ་ཤུགས་འཕུར་མདའ་ཚོགས་པའི་འབྲེལ་ཡོད་མི་སྣའི་ནོར་འཁྲུལ་གྱི་གཏམ་བརྗོད་ཐད་ཕ་རོལ་པོར་འབྲེལ་འདྲིས་ནན་མོ་བྱེད་དགོས་པ་བསྟན་ཞེས་ངོ་སྤྲོད་བྱས་པ་རེད། ཀྲུང་གོའི་སྤོ་ལོའི་མཐུན་ཚོགས་དང་དེ་བཞིན་ཤིའུ་སི་ཏུན་མེ་ཤུགས་འཕུར་མདའི་རུ་ཁག་གི་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་རོགས་ཟླ་ཚང་མས་སྔ་རྗེས་སུ་གསལ་བསྒྲགས་སྤེལ་བ་རེད། 
     ཁོང་གིས“ངས་བལྟས་ན་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་འདུག”ཅེས་བཤད། 
     ཀེང་ཧྲོང་གིས“དེ་མིན། ངའི་བསམ་འཆར་ལྟར་ན་ཁྱོད་ཀྱིས་སྤྱིར་བཏང་གི་ཀྲུང་གོའི་དམངས་ཚོགས་ཀྱིས་དོན་དག་འདིའི་ཐད་ཀྱི་ཚུར་སྣང་དང་ཁོ་ཚོའི་རྣམ་འགྱུར་ལ་དོ་སྣང་བྱོས་དང”ཞེས་བརྗོད་པ་དང་། “ཀྲུང་གོ་ཕྱོགས་དང་སྤེལ་རེས་དང་མཉམ་ལས་བྱས་རུང་ཀྲུང་གོའི་མི་དམངས་ཀྱི་འདོད་བློ་མི་ཤེས་ན་འགྲུབ་ཐབས་བྲལ”ཞེས་བརྗོད།
     གསར་འགོད་པ་ཞིག་གིས། NBAའབྱུང་འགྱུར་ཀྲུང་གོར་མདུན་ལམ་གང་འདྲ་ཞིག་ཡོད་དམ། གལ་ཏེ་ཀྲུང་གོ་དང་འབྲེལ་བ་སླར་གསོ་བྱེད་འདོད་ན་ཁོང་ཚོས་ཇི་ལྟར་བྱེད་དགོས་སམ་ཞེས་དྲིས་པར།
     ཀེང་ཧྲོང་གིས་“NBAདང་ཀྲུང་གོས་སྤེལ་རེས་མཉམ་ལས་བྱས་ནས་དུས་ཚོད་རིང་པོ་ཕྱིན་ཡོད། གོམ་པ་རྗེས་མར་ཇི་ལྟར་བཤད་དགོས་པ་དང་ཇི་ལྟར་བྱེད་དགོས་པ་ཁོ་ཚོའི་སེམས་ལ་གསལ་པོར་ཤེས་ཡོད”ཅེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1