2019ལོའི་རྫས་འགྱུར་རིག་པའི་ནོ་པེར་བྱ་དགའ་མི་གསུམ་ལ་ཐོབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-11


འདི་ནི་ཟླ་10ཚེས་9ཉིན། སུའེ་ཏེན་གྱི་སི་ཐོག་ཁོར་མོའི་སུའེ་ཏེན་གྱི་གོང་མ་ཚང་གི་ཚན་རིག་ཁང་ནས་པར་ལེན་བྱས་པའི་2019ལོའི་རྫས་འགྱུར་རིག་པའི་ནོ་པེར་བྱ་དགའ་ཁྱབ་བསྒྲགས་བྱེད་པའི་ཚོགས་རྭ་དངོས་ཡིན་པ།
     ཚེས་9ཉིན། སུའེ་ཏེན་གྱི་གོང་མ་ཚང་གི་ཚན་རིག་ཁང་གིས་ལིས་གྱེས་རྡུལ་གློག་སྨན་ཞིབ་འཇུག་ཁྱབ་ཁོངས་ལ་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱ་ཆེད། 2019ལོའི་རྫས་འགྱུར་རིག་པའི་ནོ་པེར་བྱ་དགའ་ཨ་རིའི་ཚན་རིག་མཁས་ཅན་ཡོས་ཧན་ཀུའུ་ཏི་ན་ཧྥུའུ་དང་། སི་ཏན་ལི་ཧུའེ་ཐིང་ཨུ་མུའུ། རི་པིན་གྱི་ཚན་རིག་མཁས་ཅན་ཅི་ཡེ་ཀྲང་ལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1