གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༢ཉིན།

ཞི་ཅིན་ཕིང་རྒྱ་རྒར་ཅིན་ནའེ་རུ་ཐོན་ནས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་མོལ་ཐེངས་གཉིས་པར་ཞུགས།



        ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་མཱོ་ཏིས་ཀྱིས་གདན་འདྲེན་ཞུས་པར་ལྟར། ཆེད་གཏོང་གནམ་གྲུར་བསྡད་དེ་རྒྱ་གར་ཅིན་ནའེ་རུ་ཕེབས་ནས། ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་མོལ་ཐེངས་གཉིས་པར་ཞུགས།
        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་མཱོ་ཏིས་ཀྱིས་གདན་འདྲེན་ཞུས་པར་ལྟར། ཆེད་གཏོང་གནམ་གྲུར་བསྡད་དེ་རྒྱ་གར་ཅིན་ནའེ་རུ་ཕེབས་ནས། ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་མོལ་ཐེངས་གཉིས་པར་ཞུགས།
        ས་དེའི་དུས་ཚོད་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་བཅུའི་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་རྒྱ་གར་ཅིན་ནའེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་། རྒྱ་གར་ཐའེ་མིས་ཨེར་ནཱ་ཏི་པང་གི་འགོ་གཙོ་ཕུའུ་ལོ་ཞི་ཐི་དང་པུའུ་ཀྲང་གཙོ་བོ་ཕ་ལཱ་ཉི་སི་ཝ་མིས་སོགས་གནམ་གྲུ་ཐང་དུ་ཐོན་ནས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་ནས་བསུ་མ་ཞུས། མི་རིགས་ཀྱི་གྱོན་ཆས་གྱོན་པའི་ས་དེའི་མང་ཚོགས་ཀྱིས་བྲོ་འཁྲབ་པ་དང་གླུ་དབྱངས་བླངས་ནས་ཞི་ཅིན་ཕིང་ལ་བསུ་མ་ཞུས།
        ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་གནམ་གྲུ་གཅིག་ལ་བསྡད་དེ་མཉམ་དུ་གནམ་གྲུ་ཐང་དུ་ཐོན།
        ཀྲུང་གོའི་རྒྱ་གར་དུ་སྡོད་པའི་གཞུང་ཚབ་ཆེན་མོ་སུང་ཝེ་ཏུང་ཡང་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།
        རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་མོལ་ཐེངས་གཉིས་པ་མཇུག་རྫོགས་རྗེས། ཞི་ཅིན་ཕིང་གིས་ད་དུང་བལ་བོར་རྒྱལ་དོན་འཚམས་འདྲི་མཛད་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1