གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༢ཉིན།

༄༅།། རང་འཚམ་ངང་ལས་གནས་དང་ཁ་བྲལ་ཏེ་ཁྱིམ་དུ་ལོག་པའི་ལམ་བར་དུ་འགྲིམ་འགྲུལ་བྱུར་རྐྱེན་ཐོན་ཚེ་ལས་རྨས་སུ་མི་བརྩི།

        ཧྥང་ཅི་ཅིག་གིས་ལས་ཀའི་སྐབས་སུ་ཁྱིམ་དུ་དོན་དག་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཀྲུའུ་རེན་ལ་ངག་ཐོག་དགོངས་ཞུ་བྱས་ཡོད་ཀྱང་། དགོངས་འཁྲོལ་མ་བྱུང་པའི་གནས་ཚུལ་གྱི་འོག་ཏུ་གློག་རྟ་བཞོན་ནས་ཕྱིན་ཡོད། ཁོ་རང་ཨ་ཕའི་ཁྱིམ་དུ་འགྲོ་བའི་ལམ་བར་དུ་འགྲིམ་འགྲུལ་བྱུར་རྐྱེན་ཐོན་ནས་རྨས་སྐྱོན་ཕོག་པ་དང་། འགྲིམ་འགྲུལ་ཉེན་རྟོག་ཕྱོགས་ནས་ཧྥང་ཅི་ཅིག་གིས་ཕལ་པའི་འགན་འཁྲི་འཁུར་དགོས་པའི་ངོས་འཛིན་གནང་ཡོད།
        ཁྲིམས་ཁང་གིས་དཔྱད་མཚམས་བཟོས་གསལ། ལས་ཀ་གྲོལ་ཞེས་པ་ནི་གཏན་འཁེལ་བྱས་པའི་ལས་ཀ་མཚམས་འཇོག་བྱས་པའམ་ཡང་ན་སྡེ་ཚན་ནས་དགོངས་འཁྲོལ་ཐོབ་པའི་རྣམ་པའི་ཐོག་ནས་ལས་མཚམས་བཞག་པར་གོ་དགོས། དགོངས་ཞུ་བྱས་ཀྱང་དགོངས་འཁྲོལ་མ་ཐོབ་པའི་གནས་ཚུལ་འོག་ཏུ་རང་འཚམ་ངང་སྡེ་ཚན་དང་ཁ་བྲལ་བ་ནི་ལས་ཀ་གྲོལ་བར་བརྩི་མི་འོས་སྟབས། ལས་ཐོག་རྨས་སྐྱོན་དུ་ངོས་འཛིན་བྱ་མི་རུང་། 
ཁྲིམས་ཁང་གིས་ངོས་འཛིན་གནང་གསལ། 

1、ཀུང་སིས་འདོན་སྤྲོད་བྱས་པའི་དཔང་རྟགས་ལས་ཧྥང་ཅི་ཅིག་ནི་དགོངས་ཞུ་བྱས་ཀྱང་དགོངས་འཁྲོལ་མ་ཐོབ་པའི་རྗེས་སུ་རང་འཚམ་ངང་སྡེ་ཚན་དང་ཁ་བྲལ་བའི་དོན་དངོས་ར་འཕྲོད་བྱུང་ཡོད།

2、སྤྱིར་བཏང་ལྟར་ན། ལས་ཀ་གྲོལ་ཞེས་པ་ནི་གཏན་འཁེལ་བྱས་པའི་ལས་ཀ་མཚམས་འཇོག་བྱས་པའམ་ཡང་ན་སྡེ་ཚན་ནས་དགོངས་འཁྲོལ་ཐོབ་པའི་རྣམ་པའི་ཐོག་ནས་ལས་མཚམས་བཞག་པར་གོ་དགོས། ཧྥང་ཅི་ཅིག་གིས་དགོངས་ཞུ་བྱས་ཀྱང་དགོངས་འཁྲོལ་མ་ཐོབ་པའི་གནས་ཚུལ་འོག་ཏུ་རང་འཚམ་ངང་སྡེ་ཚན་དང་ཁ་བྲལ་བ་ནི་ལས་ཀ་གྲོལ་བར་བརྩི་མི་འོས། དེར་བརྟེན་ཧྥང་ཅི་ཅིག་སྡེ་ཚན་དང་ཁ་བྲལ་ནས་ལོག་པའི་ལམ་བར་དུ་འགྲིམ་འགྲུལ་བྱུར་ཆགས་ཐོན་ནས་རྨས་སྐྱོན་བྱུང་བ་ནི་《ལས་ཐོག་རྨན་སྐྱོན་གི་འགན་བཅོལ་སྲོལ་ཡིག》དོན་ཚན་བཅུ་བཞི་བ་དང་བཅོ་ལྔ་བར་གཏན་འབེབས་གནང་བའི་ལས་ཐོག་རྨས་སྐྱོན་དུ་ངོས་འཛིན་བྱ་རྒྱུའམ་ཡང་ན་ལས་རྨས་ལྟར་ཐག་གཅོད་བྱ་རྒྱུའི་གནས་ཚུལ་དང་མཐུན་མེད་པ་རེད།

(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)


  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1