ཡུལ་ལྗོངས་ཉམས་དགའ་འཛུགས་སྐྲུན་སྤུས་ཀ་ལེགས། རྔ་བའི་གསེར་མཛོད་འབྱོར་འབྲིང་ལམ་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-14


        མཚན་ཉིད་ཡུལ་ཤོག་གསེར་མཛོད་སྡེ་པ་ནི་རྔ་བ་རྫོང་གི་ཤར་ལྷོའི་ཕྱོགས་སུ་ཡོད་ལ། རང་བྱུང་སྐྱེ་ཁམས་ཁོར་ཡུག་མཛེས་པའི་གནས་མཆོག་ཅིག་ཡིན། 2018ལོར་རྔ་བ་རྫོང་གི་གསེར་མཛོད་ལྗོངས་ཁུལ་དེ་ཁྱད་མཚར་ལྡན་པའི་4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་སྙན་ཞུ་འབུལ་བར་ཆོག་མཆན་ཐོབ། འདི་ཡིས་ཞིང་ཆེན་གསུམ་གྱི་གཞི་མདོར་གནས་པའི་རྔ་བ་རྫོང་འདི་ཉིད་ལ་Aརིམ་པའི་ལྗོངས་ཁུལ་མེད་པའི་སྟོང་ཆ་བསྐང་།

སྲང་ལམ་འགྲམ་གྱི་མེ་ཏོག 
        ཐེངས་འདིར་གསར་འགོད་པ་རྔ་བ་རྫོང་དྲིལ་བསྒྲགས་པུའུ་ཡི་ལས་བྱེད་མི་སྣ་དང་ལྷན་དུ་གསེར་མཛོད་སྡེ་པར་ལྟ་རུ་ཆས་པ་ཡིན་ལ། རྔ་བ་རྫོང་དྲིལ་བསྒྲགས་པུའུ་ཡིས་རྒྱུན་ལས་པུའུ་ཀྲང་གཞོན་པ་བཀྲ་ཤིས་ཚེ་རིང་གིས་ངེད་གསར་འགོད་པ་ལ། ན་ནིང་རྔ་བ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཉམ་དུ་སྒོར་ཁྲི་1000བཏང་ནས་གསེར་མཛོད་སྡེ་པའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་བསྐྲུན་པ་ཡིན་ལ། ས་གནས་མི་དམངས་ཀྱང་རང་འགུལ་གྱིས་འཛུགས་སྐྲུན་བྱ་གཞག་ཁྲོད་ཞུགས་ཤིང་། ཏང་ཡོན་གྱི་མིག་དཔེ་བསྟན་པ་དང་། མང་ཚོགས་ཀྱིས་འབད་པ་ཧུར་ཐག་བྱས་ནས་སྐྱེ་ཁམས་ལ་གཏོར་བརླག་མི་གཏོང་བའི་ཆེད་དུ་རྒྱ་མ་བརྒྱ་ལྷག་གི་རྡོ་ལེབ་དེ་དག་མང་ཚོགས་ཀྱིས་ཁུར་ནས་སོང་བ་རེད་ཟེར།


མཚན་ཉིད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཁྲུན་དབྱང་གིས་དབུལ་གྲོལ་གྱི་གཏམ་རྒྱུད་བཤད་བཞིན་པ། 


        ཉེ་བའི་ལོ་འགའི་རིང་གསེར་མཛོད་སྡེ་པས་ཏང་གི་རྨང་གཞི་བྱས་ལ། དབུལ་སྐྱོར་སྐོར་གྱིས་གནད་བྱས་ཤིང་། ཡུལ་སྐོར་གྱིས་རྩ་བ་བྱས་པའི་ཕྱོགས་ཡོངས་འཕེལ་རྒྱས་བསམ་བློ་ནན་ཏན་སྒོས་ལག་བསྟར་བྱས་ནས་ཏང་གི་འཛུགས་སྐྲུན་དང་། དབུལ་སྐྱོར། ཡུལ་སྐོར་བཅས་དོན་ཆེན་གསུམ་མཉམ་སྡེབ་བྱས་ནས། དམངས་ཕྱུག་རང་བཞིན་གྱི་ཏང་གི་རྩ་འཛུགས་བྱེད་རྒྱུའི་དམིགས་འབེན་བྱས་ནས་སྡེ་པ་རིམ་པའི་ཏང་གི་རྩ་འཛུགས་གི་འགོ་ཁྲིད་ལྟེ་བ་དང་ཏང་ཡོན་མི་སྣས་དཔེ་སྟོན་བྱས་ནས། ཐུན་མོང་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་རམ་དང་སྟེགས་བུ་བསྐྲུན་ནས་སྡེ་པ་རིམ་པའི་ལས་དོན་འཕེལ་རྒྱས་གཏོང་བཞིན་འདུག

        བཅར་འདྲི་བྱས་པ་ལྟར་ན་མཚན་ཉིད་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཁྲང་དབྱང་གིས་གསེར་མཛོད་སྡེ་པར་དུད་ཁྱིམ་98དང་མི་གྲངས་471ཡོད་ལ། 2017ལོའི་ལོ་མཇུག་ཕྱོགས་ཡོངས་ནས་དབུལ་གྲོལ་བྱུང་ཞེས་བརྗོད། 

གསེར་མཛོད་སྡེ་པའི་ཏང་ཚོགས་བྱེད་སྒོ་ལྟེ་གནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1