གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༥ཉིན།

ཕྱིའི་སྨྱན་སྦྱོར་གྱི་འཐུས་མིས་རྔ་བ་འཕེལ་རྒྱས་ཧ་ཅང་ཡག་པོ་བྱུང་འདུག་ཟེར།

     སྨྱན་སྦྱོར་ཚོགས་པ་སྒྱུ་རྩལ་སློབ་གྲྭའི་སློབ་ཁང་ཞིག་ཏུ་སླེབས་པ་དང་། སློབ་མ་ཚོས་ཐང་ག་བཞེངས་བཞིན་པའི་སྒང་རེད། སྨྱན་སྦྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་སློབ་མ་ཚོ་དང་ཁ་བརྡ་བྱས། ཁམ་ཕུ་ཁྲེ་ཡི《ཁམ་ཕུ་ཁྲེའི་རྒྱ་ཡིག་ཉིན་ཚགས》ཁང་གི་འགོ་འཛིན་ཧོང་ཧོན་མིང་གིས་སློབ་མ་ཞིག་དང་ཁ་བརྡ་བྱས་རྗེས་བཤད་རྒྱུར། “ང་ནི་ནང་བསྟན་ལ་དད་པའི་རྒྱལ་ཁབ་ནས་ཡོང་བ་ཡིན། ཡིན་ནའང་རིག་གནས་འདྲ་བོ་མི་འདུག  འདིར་ཡོད་པའི་ཐང་ག་ནི་ཧ་ཅང་མཛེས་ཤིང་སྤུས་དག་རེད་འདུག  སློབ་མ་དེས་ཐང་ག་གཅིག་བཞེངས་བ་ལ་ལོ་གཅིག་གི་དུས་ཚོད་དགོས་ཟེར། དེ་ནི་ངོ་མཚར་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་ཤིག་རེད”ཅེས་བཤད། 


     ཉིན་གཅིག་གི་བཅར་འདྲིའི་གོ་རིམ་ཐད། ཧོང་ཧོན་མིང་གིས། རང་ཉིད་ཐེངས་དང་པོར་སི་ཁྲོན་དུ་ཡོང་བ་ཡིན་ཞིང་། དེ་སྔ་བློ་ལ་འཆར་བ་དང་བསྡུར་ན། རྔ་བ་ཁུལ་གྱི་འཕེལ་རྒྱས་ཧ་ཅང་ཡག་པོ་འདུག  ཁྱད་པར་དུ་གཞུང་ལམ་སྟབས་བདེ་ཞིང་། ལམ་ངོས་ཁོད་སྙོམས་ལ་གཙང་བ་འདུག  ཧ་ཅང་དར་ཞིང་རྒྱས་འདུག་ཨང་། ང་ཕྱིར་ལོག་ནས་གནས་ཚུལ་ཡག་པོ་སྤེལ་རྒྱུ་ཡིན་ཞེས་བསྟན། 

    མ་འོངས་པའི་ཉིན་འགའི་རིང་ལ། ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་ཚོགས་པ་གཟི་ཚ་སྡེ་དགུ་རྫོང་དང་། སི་ཁྲོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་དང་། ཁྲེན་ཏུའུ་སྤྱི་གླིང་གྲོང་ཁྱེར་འགྲེམས་སྟོན་ཁང་སོགས་ལ་ཡུལ་དངོས་བཅར་འདྲིར་བསྐྱོད་རྒྱུ་རེད།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1