གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༥ཉིན།

གླིང་སྒྲུང་སྲུང་སྐྱོབ་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས།


        ཟླ༡༠ཚེས༡༠ཉིན། གེ་སར་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་དང་། རྒྱལ་ཡོངས་ཀྱི་གེ་སར་གཟུགས་འདས་ཤུལ་བཞག་རིག་གནས་གཅིག་གྱུར་སྲུང་སྐྱོབ་ཀྱི་འཆར་འགོད་གཏན་ལ་འབེབས་པ། སྔར་ལས་ལྷག་པའི་སྒོ་ནས་གེ་སར་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་ལེགས་པོ་བསྒྲུབ་ཆེད། རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་གཉེར་བའི་མཚོ་སྔོན་ས་ཁུལ་གྱི་གེ་སར་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་ཏེ་ལོ་བཅུ་འཁོར་བའི་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་ཚོགས། 


བགྲོ་གླེང་ཚོགས་འདུའི་ཁྱབ་བསྒྲགས་འདྲ་པར།

ཚོགས་རའི་ཡུལ་དངོས།

        རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་གྱི་གེ་སར་ཞིབ་འཇུག་ལས་ཁུངས། གཞན་ཡང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་ནས་ཕེབས་པའི་འབྲེལ་ཡོད་ཆེད་ལས་མཁས་པ་དང་། ཤེས་ཡོན་པ། སྒྲུང་པ། གེ་སར་རིག་གནས་སྲུང་སྐྱོབ་པ་སོགས་མི་སྣ༣༠ལྷག་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད། 

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་པད་གོས་གསུང་བཤད་གནང་བཞིན་པ།
        རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་གྱི་གེ་སར་ཞིབ་འཇུག་ལས་ཁུངས། གཞན་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་ནས་ཕེབས་པའི་འབྲེལ་ཡོད་ཆེད་མཁས་པ་དང་། ཤེས་ཡོན་པ། སྒྲུང་པ། གེ་སར་རིག་གནས་སྲུང་སྐྱོབ་པ་སོགས་མི་སྣ༣༠ལྷག་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད། 

རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན་གྱིས་ཚོགས་འདུའི་མཛད་སྒོ་གཙོ་སྐྱོང་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་བགྲོ་གླེང་ཚོགས་འདུའི་ཐོག་ཤིས་ཚིག་ཕུལ་བཞིན་པ།

        ཚོགས་འདུའི་སྟེང་ཚོགས་ཞུགས་མི་སྣས་གེ་སར་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་གནས་བབ་དང་གནད་དོན། ཐབས་ཤེས་དང་བྱེད་ཐབས། ལག་ལེན་དང་ཉམས་མྱོང་སོགས་ཐད་ནས་བགྲོ་གླེང་བྱས་པ་ཕུད། ད་དུང་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཐད་ཀྱི་བྱེད་ཐབས་དང་བསམ་འཆར་བཏོན་ནས། རྒྱལ་ཡོངས་ཀྱི་གེ་སར་གཟུགས་འདས་ཤུལ་བཞག་རིག་གནས་གཅིག་གྱུར་སྲུང་སྐྱོབ་འཆར་འགོད་གཏན་འབེབས་སྐོར་གྱི་ཇུས་གཞི་རྩོམ་སྒྲིག་བྱེད་པར་བདེན་པ་བདེན་ཐུབ་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གླེང་གཞིའི་ཐད་ནས་བགྲོ་གླེང་གནང་བཞིན་པ།
        མཚོ་སྔོན་ནི་གེ་སར་རིག་གནས་ཀྱི་ཕ་ས་ཡིན་ཞིང་རྒྱལ་ཡོངས་ནས་གེ་སར་སྒྲུང་སྔོག་འདོན་དང་། མྱུར་སྐྱོབ། དག་སྒྲིག ཡིག་སྒྱུར། ཞིབ་འཇུག་སོགས་ལས་ཀ་སྒྲུབ་པར་ཆེས་སྔ་བའི་ས་ཁུལ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་ཀྱིས་གེ་སར་སྒྲུང་འཚོལ་སྡུད་དང་། ཟིན་བྲིས། དག་སྒྲིག ཡིག་སྒྱུར། ཞིབ་འཇུག  པར་བསྐྲུན་སོགས་དང་སྐྱེ་འཕེལ་རིག་གནས་འཕེལ་རྒྱལ་ཐད་ལ་ནུས་ཤུགས་བཏོན་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། རྒྱལ་ཡོངས་སུ་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ཁུལ་ཐོག་མར་ཆོག་མཆན་བཀོད་ཡོད་ཅིང་། གྲོང་ཁྱེར་དང་ཁུལ་སོགས་སུ་གེ་སར་སྒྲུང་གི་ཞིབ་འཇུག་རྟེན་གཞི་དང་། གེ་སར་རིག་གནས་བཤམས་མཛོད་ཁང་། གངས་ལྗོངས་གེ་སར་རིག་གནས་ལྟེ་གནས་སོགས་བཙུགས་ནས། དམངས་ཁྲོད་དུ་རིག་གནས་ལས་གཞི་རབ་དང་རིམ་པ་བསྒྲུབ་པར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
ཚོགས་ཞུགས་མི་སྣའི་མཉམ་པར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1