༄༅། སྡེ་དགེ་པར་ཁང་རྒྱུན་སྤྱོད་ཐ་སྙད་བོད་རྒྱ་ཤན་སྦྱར།

ཀརྨ་རྒྱལ་མཚན་གྱིས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-15




        ཅེས་པ་འདི་ནི་ཆེད་ལས་རང་བཞིན་ལྡན་པའི་ལག་རྩལ་དང་ཡོ་བྱད་ཀྱི་རྒྱུན་སྤྱོད་ཐ་སྙད་ཅིག་ཡིན་པས་རྒྱ་ཡིག་ཏུ་བསྒྱུར་དཀའ་བ་སྟེ། ཁོ་བོར་མཚོན་ན་སྤྱིར་བོད་ཀྱི་རིག་གནས་དང་རྒྱ་ཡིག་གི་ཤེས་བྱའི་ཆུ་ཚད་དམའ་བ་དང་སྒོས་སུ་ཆེད་ལས་འདི་ཉིད་ཀྱི་ལག་རྩལ་ལ་གོམས་འདྲིས་དང་ཆ་རྒྱུས་ཅིའང་མེད་པས་འོས་ཤིང་འཚམས་པོ་ཞིག་བསྒྱུར་མ་ཤེས། དེར་བརྟེན། ཐོག་མར་བཀའ་བསྟན་འགྱུར་གྱི་དཀར་ཆག་སོགས་ནས་ཆེད་ལས་འདིའི་ཐ་སྙད་གང་རུང་ཞིག་བཏུས། བར་དུ་པར་ཁང་འདི་ཉིད་ཀྱི་པར་ཤིང་བརྐོ་འདེབས་ཀྱི་ལས་བཟོ་བ་དང་། ཡིག་མཁན། ཤོག་སྣག་ལས་བཟོ་མཁན་རྒན་རབས་དག་ལ་བཅར་གཏུགས་ཡང་ཡང་བྱས་ཏེ་ཁོ་ཚོའི་ངག་ཐོག་ནས་ཐོན་པའི་རྒྱུན་སྤྱོད་ཐ་སྙད་ངོ་མ་དེ་གཅེས་སུ་འཛིན། དེ་ནས་ཆེད་ལས་འདི་ཉིད་དང་མཚུངས་པའི་རྒྱ་ཡིག་གི་ཡིག་ཆ་གང་འཚམས་ཤིག་དཔྱད་གཞིར་བྱས་ཏེ། ཁ་བཏགས་དཀར་པོའི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེའི་གསུང་བསྐུལ་བཞིན་བསྒྱུར་ཚུལ་བགྱིས་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1