༄༅།། གནམ་གྲུར་སྡོད་དུས་ཐོབ་ཐང་ལག་ཁྱེར་འཁྱེར་རྒྱུ་བརྗེད་སོང་ན་ཅི་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-15



        ཚེས་17ཉིན་གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་གནམ་ཐང་203གྱིས་ཉེ་ཆར“དམངས་སྤྱོད་མཁའ་འགྲུལ་གྱི་གནས་སྐབས་གནམ་གྲུར་སྡོད་པའི་དཔང་ཡིག”དངོས་སུ་སྤྱོད་འགོ་ཚུགས་པ་དང་། སླད་ཕྱིན་འགྲུལ་པས་ཐོབ་ཐང་ལག་ཁྱེར་འཁྱེར་རྒྱུ་བརྗེད་ཚེ་སྐད་འཕྲིན་སྤྱད་དེ་རྩ་གཉིས་ཨང་རྟགས་བཟོས་ཚེ་མགྱོགས་མྱུར་གནམ་གྲུར་སྡོད་པའི་འགྲོ་ལུགས་སྒྲུབ་པ་དང་གནམ་གྲུར་འཛེག་ཆོག་གི་ཡོད་པ་རེད།
        དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མ་ལག་དེ་རེ་ཞུ་མཉེན་ཆས་དང་ར་སྤྲོད་སྒྲིག་ཆས་ལས་གྲུབ་པ་དང་མཉེན་ཆས་ཐོ་འགོད་བྱེད་སྟངས་རིགས་གསུམ་ཡོད་པ་སྟེ།
        གཅིག་ནི་འཕྲིན་ཕྲན་གྱི་ལས་རིམ་ཆུང་ངུའི་ནང“དམངས་སྤྱོད་མཁའ་འགྲུལ་གྱི་གནས་སྐབས་གནམ་གྲུར་སྡོད་པའི་དཔང་ཡིག”ཅེས་འཚོལ་ཞིབ་བྱེད་པ།
        གཉིས་ནི་འཕྲིན་ཕྲན་ཐོག་ནས་ལས་རིམ་ཆུང་ངུའི་རྩ་གཉིས་ཨང་རྟགས་བཤར་འབེབས་བྱེད་པ།
        གསུམ་ནི་འཕྲིན་ཕྲན་གྱི“གྲོང་ཁྱེར་གྱི་ཞབས་ཞུ”ལས་“འགྲིམ་འགྲུལ་ཕྱིར་སྐྱོད་”གདམ་དགོས་པ་དང་དེ་ནས་“གནས་སྐབས་གནམ་གྲུར་སྡོད་པའི་དཔང་ཡིག”ཅེས་པ་གདམ་དགོས།
    འགྲུལ་པས་ཐོ་འཇུག་བྱས་རྗེས་དྲན་སྐུལ་གྱི་གོ་རིམ་གཞིར་བཟུང་རེ་ཞུ་གང་མགྱོགས་ལེགས་སྒྲུབ་ཐུབ་པ་དང་། རེ་ཞུ་ཕུལ་རྗེས་ཀྱི་སྐར་ཆ་60ནང་གློག་རྡུལ་རྫུན་འགོག་རྩ་གཉིས་ཨང་རྟགས་རག་གི་ཡོད་པ་དང་རྩ་གཉིས་ཨང་རྟགས་དེར་བརྟེན་ནས་གནམ་གྲུའི་འགྲོ་ལུགས་གཉེར་ཆོག་པ་དང་བདེ་འཇགས་ཞིབ་བཤེར་དང་ལེན་བྱེད་ཐུབ་པས། གོ་ཆོད་དུས་ཡུན་ཉིན་15ཡིན། གལ་ཏེ་ཉིན་15ལས་བརྒལ་ན་ཡང་བསྐྱར་ཐེངས་གཅིག་ལ་རེ་ཞུ་འབུལ་དགོས་པ་དང་། གྲོན་དངུལ་གང་ཡང་བསྡུ་ལེན་བྱེད་ཀྱི་མེད།
     ཤེས་རྟོགས་བྱུང་བར་གཞིགས་ན།  གལ་ཏེ་འགྲུལ་པས་ལམ་ཆས་མངགས་འདྲེན་བྱེད་དགོས་བྱུང་ན། “གནས་སྐབས་གནམ་གྲུར་སྡོད་པའི་དཔང་ཡིག་”བཟུང་སྟེ་ཐོབ་ཐང་ར་སྤྲོད་བྱེད་ཆོག




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1