གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༦ཉིན།

ཞི་ཅིན་ཕིང་གིས2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འགྲེམ་སྟོན་གྲོས་ཚོགས་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

        2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འགྲེམ་སྟོན་ཚོགས་འདུ་ཚོགས་འགོ་རྩོམ་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། འགྲེམ་སྟོན་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། འགྲེམ་སྟོན་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་དང་ལས་རིགས་སོ་སོའི་མི་སྣར་དགའ་བསུ་བྱས།
        ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། རྒྱ་མཚོ་དེ་མིའི་རིགས་སྤྱི་ཚོགས་ཀྱི་འཚོ་གནས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། རྒྱ་མཚོས་ཚེ་སྲོག་བསྐྲུན་པ་དང་འཛམ་གླིང་གཅིག་སྦྲེལ་བྱས་ལ། འཕེལ་རྒྱས་ལ་སྐུལ་འདེད་བཏང་། རྒྱ་མཚོ་ནི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འཐབ་ཇུས་ཀྱི་ས་ཆ་གལ་ཆེན་ཡིན། རྒྱ་མཚོའི་ཚན་རྩལ་གསར་གཏོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་ནུས་པ་མཐོར་འདེགས་བཏང་སྟེ། རྒྱ་མཚོའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱས། མཚོ་ཐོག་གི་མཉམ་འབྲེལ་མཉམ་མཐུད་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། སྔོ་མདོག་གི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས། རྒྱ་མཚོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྒྱ་མཚོའི་ཁོར་ཡུག་བཙོག་བཟོ་འགོག་བཅོས་ལ་ཤུགས་སྣོན་པ། རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། རྒྱ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བཀོལ་སྤྱོད་བྱེད་པ་མངོན་འགྱུར་བྱས་ཏེ། མི་རབས་རྗེས་མར་མཚོ་དྭངས་མོ་དང་གནམ་སྔོན་པོ་ཞིག་བསྐྲུན་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། 2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འགྲེམ་ཚོགས་བསྡུས་པའི་དམིགས་འབེན་ནི་འཛམ་གླིང་མཚོ་འགྲམ་རྒྱལ་ཁབ་ལ་སྒོ་འབྱེད་མཉམ་ལས་དང་ཀུན་ཕན་མཉམ་རྒྱལ་གྱི་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་ཡིན། ཚང་མས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རོགས་རེས། ཕན་ཚུན་ལ་ཕན་འདོགས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པར་བྱེད་དགོས་ཟེར།
        ཚེས་བཅོ་ལྔ་ཉིན། 2019ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འགྲེམ་ཚོགས་ཧྲིན་ཀྲིན་ནས་ཚོགས་པ་དང་། འགོ་རྩོམ་མཛད་སྒོའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྒྲོག་འདོན་བྱས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1