ལི་ཁེ་ཆང་གིས་ཧྲན་ཞི་ཡི་བྱ་བར་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-17


               ཟླ10བའི་ཚེས14ཉིན་ནས་ཚེས15ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲན་ཞི་ཞི་ཨན་དང་ཞན་དབྱང་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས་བཅུ་བཞི་ཉིན། ལི་ཁེ་ཆང་གིས་མེན་ཏི་མིན་བྱང་ཁུལ་གྱི་ཁུལ་རྙིང་ཁུལ་བསྒྱུར་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད། 
               ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས14ཉིན་ནས་ཚེས15ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲན་ཞི་ཞི་ཨན་དང་ཞན་དབྱང་དུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། དམངས་ཚིས་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
               ལི་ཁེ་ཆང་ཐོག་མར་མེན་ཏི་མིན་བྱང་ཁུལ་དུ་ཕེབས་ནས། ཞི་ཨན་གྲོང་ཁྱེར་ཁུལ་རྙིང་ཁུལ་བསྒྱུར་བཀོད་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། མང་ཚོགས་ཀྱི་བསྒྱུར་བཀོད་ཐད་ཀྱི་དགོས་མཁོ་གསལ་བོར་དྲིས་པ་མ་ཟད། སྡོད་དམངས་ཀྱི་ཁང་བའི་གནས་ཚུལ་དང་སྡོད་ཁུལ་གྱི་བྱིས་གཉོར་ཁང་གི་སྒྲིག་ཆས་ལ་ལྟ་ཞིབ་མཛད།
               ལམ་འགྲམ་གྱི་ཚོང་ཁང་ཞིག་ཏུ། ལི་ཁེ་ཆང་གིས་རྒྱུན་བཀོལ་མཁོ་ཆས་ཀྱི་རིན་གོང་དང་ཚོང་གཉེར་དཔྱ་ཁྲལ་ཐད་ནས་རྒྱུས་ལོན་གསལ་བོ་མཛད།
               དེའི་རྗེས་ལི་ཁེ་ཆང་སན་ཞིན་གློག་འདྲེན་ཕྱེད་རྫས་ཚད་ཡོད་ཀུང་ཟི་རུ་ལྟ་ཞིབ་བྱེད་པར་ཕེབས། ཁོང་གིས་གསུང་རྒྱུར། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྒྱ་སྐྱེད་དེ། ཀྲུང་གོ་རུ་ཐོ་འགོད་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་དངུལ་བཏང་བའི་ཁེ་ལས་ཚང་མར་ལྟ་སྟངས་གཅིག་འདྲ་འཛིན་པ་དང་། རྒྱུན་མཐུད་ངང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་རྒྱུ་ཡིན་པས། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་ཡོང་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།
               ལི་ཁེ་ཆང་གིས་ད་དུང་ཀྲིན་ཐའེ་གློག་རླངས་ནུབ་བྱང་ཐོན་ལས་ཁུལ་དང་ཞི་ཨན་ནས་དབྱིན་ཁྲོན་བར་གྱི་ལྕགས་ལམ་བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས། ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ཏིན་ལེན་ཀུའུ་ལས་སྐྲུན་སྡོད་ཁུལ་བཅས་སུ་རྟོག་ཞིབ་མཛད།
               ལི་ཁེ་ཆང་གིས་ཧྲན་ཞི་ཡིས་ཉེ་བའི་ལོ་འགའི་རིང་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག གསར་གཏོད་བྱེད་ཕོད་པ་དང་འབད་འཐབ་ལྷོད་མེད་བྱས་ནས། ཧྲན་ཞི་ཡི་འཕེལ་རྒྱས་ཐད་ཀྱི་ལེའུ་གསར་བ་འབྲི་རྒྱུའི་རེ་བ་བཏོན།
               ཞའོ་ཅེ་དང་ཧི་ལིས་ཧྥུན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1