ཧྲང་ཧའེ་ནས་སེམས་ཀྱི་ཉི་ཟླའི་དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 10-21



        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་16ཉིན་ནས་ཚེས་17ཉིན་གྱི་བར་དུ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དངོས་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམ་སྟོན་བྱེད་སྒོ་ཧྲང་ཧའེ་རུ་སྤེལ་བ་དང་།  ཧྲང་ཧའེ་ཡི་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་སེམས་ཀྱི་ཉི་ཟླའི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྣ་མང་འགྲེམ་སྟོན་བྱས་པ་རེད།


        བྱེད་སྒོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དངོས་མིན་རིག་གནས་ཤུལ་བཞག་ཁྲོད་ཀྱི་གླུ་གར་འགྲེམ་སྟོན་དང་སྲོལ་རྒྱུན་བཟོ་རྩལ་འགྲེམ་སྟོན་ཁག་གཉིས་ཡོད་པ་དང་།  ཐེངས་འདིའི་བྱེད་སྒོར་གྲོང་ཁྱེར་ཡོངས་ནས་མི་རིགས་སོ་སོ་དང་ཤང་གྲོང་ཁག་ནས་འཐུས་ཚབ་རང་བཞིན་དང་ཤུགས་རྐྱེན་ནུས་པ་ལྡན་པ།  དེ་མིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་གཟུགས་བརྙན་ལེགས་པོ་དང་བསམ་པའི་རྣམ་པ་མཚོན་ཐུབ་པའི་སྲོལ་རྒྱུན་བཟོ་རྩལ་སྣ་10དང་གླུ་གར་འཁྲབ་ཚན་ཁག་10བདམས་ནས་འགྲེམ་སྟོན་བྱས་པ་རེད། 

        དངོས་མིན་རིག་གནས་ཤུལ་བཞག་གི་གླུ་གར་འགྲེམ་སྟོན་ཁྲོད་རྒྱལ་ཐང་སྐོར་བྲོ་དང་ཉི་ཤར་བྱམས་གླུ  ལྔ་ཤོག་གི་རལ་པ་སོགས་འཁྲབ་སྟོན་བྱས་པ་དང་། སྲོལ་རྒྱུན་བཟོ་རྩལ་འགྲེམ་སྟོན་ཁྲོད་རྫ་ནག་གི་བཟོ་རྩལ་དང་བོད་སྤོས་ཀྱི་བཟོ་རྩལ།  ནས་ཆང་། ཐང་ག་སོགས་འགྲེམ་སྟོན་བྱས་ཡོད་དེ་ཡུལ་དངོས་ཀྱི་མི་མང་པོའི་ཡིད་དབང་འཕྲོག་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1