ཞི་ཅིན་ཕིང་གིས་དྲ་རྒྱའི་ཚོགས་ཆེན་ལ་རྟེན་འབྲེལ་ཕྱག་ཡིག་བཏང་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-22




             སྤྱི་ཟླ་10པའི་ཚེས་20ཉིན། འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་སྐབས་དྲུག་པ་ཀྲེ་ཅང་དབྱི་ཝུ་རུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་ཕྱག་ཡིག་བཏང་གནང་ཡོད།
             ཞི་ཅིན་ཕིང་གིས། ད་ལོ་ནི་མཉམ་འབྲེལ་དྲ་རྒྱ་ཐོན་ནས་ལོ་ངོ་50འཁོར་བའི་ལོ་ཞིག་རེད། མིག་སྔར། རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་ལ་འཕེལ་འགྱུར་ཆེན་པོ་འགྲོ་བ་དང་། མི་ཐབས་རིག་ནུས་དང་གྲངས་གཞི་ཆེན་མོ། ཟོག་འབྲེལ་དྲ་རྒྱ་སོགས་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ། ལས་སྒོ་གསར་པ་སོགས་གོང་འཕེལ་ཤུགས་ཆེན་འགྲོ་བཞིན་ཡོད་པས་མཉམ་འབྲེལ་དྲ་རྒྱར་ཡང་གོང་འཕེལ་གྱི་སྒུལ་ཤུགས་དང་གོང་འཕེལ་གྱི་བར་ཁམས་སྔར་ན་མེད་པ་ཞིག་འཕྲད་ཡོད། མཉམ་འབྲེལ་དྲ་རྒྱ་གོང་འཕེལ་དང་བཀོལ་སྤྱོད། བཅོས་སྒྲིག་བཅས་ཡག་པོ་བྱས་ནས་མཉམ་འབྲེལ་དྲ་རྒྱས་མིའི་རིགས་ལ་ཞབས་ཞུ་དེ་བས་ཡག་པ་སྒྲུབ་ཐུབ་པ་བྱ་རྒྱུ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་ཡིན། རྒྱལ་ཁབ་ཁག་གིས་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ནས་གོང་འཕེལ་གྱི་འགན་འཁྲི་འཁུར་བ་དང་མཉམ་དུ་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་བཅག་སྟེ་དྲ་བའི་བར་ཁམས་ཀྱི་གོ་ལའི་བཅོས་སྒྲིག་ལ་སྐུལ་འདེད་དང་དྲ་བའི་བར་ཁམས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1